| e-texts navigator |
| Wylie |
328a1 བླ་གབ་མེད་པ་ཉིད་དང་། དུར་ཁྲོད་པ་ཉིད་ནི་དགོན་པ་པ་ཉིད་ཀྱི་ནང་དུ་འདུ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དགོན་པ་ནི་དགོན་པར་སྤྱིལ་དང་།
328a2 ཡང་རྟོག་ལ་སོགས་པ་བྱེད་ན་ལས་ལ་དགའ་བ་ཉིད་དང་། ཡོངས་སུ་འཛིན་པ་དང་། ཆགས་པ་ནི་བདག་གི་ཆ་མ་ཡིན་ནོ།། སྙམ་ནས་ཤིང་དྲུང་ངམ། བླ་གབ་མེད་པ་འམ། དུར
328a3 ཁྲོ་དུ་གནས་སོ།། དེ་ལྟ་བས་ན་བརྒྱད་ཁོ་ནར་འགྱུར་ལ། བརྒྱད་པོ་དག་ཀྱང་དགོན་པ་པ་ཉིད་དང་། ཕྱག་དར་ཁྲོད་པ་པ་ཉིད་དང་། བསོད་སྙོམས་པ་ཉིད་དང་། གསུམ་གྱིས་རྫོག
328a4 པར་འགྱུར་རོ།། དེ་ལྟར་ན་སྦྱངས་པའི་སྒོ་གསུམ་རྫོགས་པར་བྱེད་ན། སྦྱངས་པའི་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚེ་དང
328a5 ལྡན་པ་མཛེས་དགའ་བོ་ལ་བརྟེན་ནས། དགའ་བོ་ནམ་ཅིག་དགོན་པ་དང་། ཕྱག་དར་ཁྲོད་པ་དང་ངན་ངོན་གྱིས་འཚོ་ཞིང་འདོད་པ་རྣམས་ལ་ནི། ལྟ་བ་མེད་པ་མཐོང་ཞིག་གུ་ཞེས
328a6 གསུངས་སོ།། དེ་ལ་སྦྱངས་པའི་ཡན་ལག་ནི་ཅི་ཞིག་ཡིན། སྦྱངས་པའི་ཆོས་ནི་དུ་ཞིག་ཡིན། ཅི་སྤྱོད་པའི་གང་ཟག་དག་ནི་སྦྱངས་པའི་ཡོན་ཏན་བསྟེན་པར་དགའ། སྦྱངས
328a7 པའི་ཡན་ལག་ནི་དུ་ཞིག། མཐར་ཐུག་པ་དུ་ཞིག། ཅི་སྦྱངས་པའི་དེ་ཉིད་སྦྱངས་པའི་སྨྲ་བ་ཡང་དེ་ཡིན་ནམ་ཞེ་ན། དེ་ལ་སྦྱངས་པའི་ཡན་ལག་ཅེས་བྱ་བ་ནི། བཞི་བཅུ
328a8 གསུམ་པོ་དེ་དག་གི་སྤོང་བ་གང་ཡིན་པ་དེ་ནི། སྦྱངས་པའི་ཡན་ལག་ཡིན་ནོ།། སྦྱངས་པའི་ཡོན་ཏན་ཅིར་བརྗོད་པར་བྱ་ཞེ་ན། དགེ་བར་བརྗོད་པར་བྱའོ།། སྦྱངས