| e-texts navigator |
| Wylie |
327b1 ནི་སྐབས་ཕྱེ་བ་མེད་དོ།། དགོན་པ་ཉིད་ཀྱི་སྐབས་ཕྱེ་བ་ནི། བསྙེན་པར་རྫོགས་པའི་ལས་ཀྱི་ཕྱེད་དམ། ལྟུང་བ་ལས་བླངས་པའི་ཆེད་དམ། ཆོས་མཉན་པའི་ཆད་དམ། གསོ་སྦྱོང།
327b2 བྱ་བ་འམ། དགའ་དབྱེ་བ་འམ། ན་བ་འམ། ནད་པའི་བྱ་བ་འམ། མངོན་པར་མི་ཤེས་པའི་ཐོ་ཀུན་ཆུབ་པར་བྱ་བ་འམ། གཞན་ཡང་དེ་ལྟ་བུའི་རྐྱེན་ཡོད་ན་སྐབས་ཕྱེ་བས། གྲོང་མཐར
327b3 གནས་པར་བྱ་སྟེ། དགོན་པ་འཇིག་པར་མི་འགྱུར་རོ།། ཤིང་དྲུང་པ་ཉིད་ཀྱི་སྐབས་བྱེ་བ་ནི་རྐྱེན་དེ་ལྟ་བུ་འམ། ཁྱིམ་དུ་ཞུགས་པ་ལས་ཆར་གྱིས་ནོན་ན། དེ་ཉིད་དུ་སྐྱ་རེང་ཤར
327b4 ཀྱང་ཤིང་དྲུང་བ་ཉིད་ཉམས་པར་མི་འགྱུར་རོ།། དགོན་པ་པའི་སྐབས་ཕྱེ་བ་ཇི་སྙེད་པ་ན། ཤིང་དྲུང་པ་ཉིད་དང་། བླ་གབ་མེད་པ་ཉིད་དང་། དུར་ཁྲོད་པ་ཉིད་ནི་དེ་ལྟ་བུ་ཡོད་ལ
327b5 གཞན་གྱི་གནས་མལ་རྙེད་ན་རྗེས་སུ་གནང་ངོ་།། ཅོག་པུ་པ་ལ་ནི་སྐབས་ཕྱེ་བ་མེད་དོ།། ཁ་ཅིག་ན་རེ་སྣའི་དཔྱད་བྱེད་ན་སྐབས་ཕྱེ་བས་བྱ་བ་སྟེ། ཅོག་པུ་པ་ཉམས་པར་མི་འགྱུར
327b6 རོ་ཞེས་ཟེར་རོ།། སྦྱངས་པའི་ཡོན་ཏན་བཅུ་གསུམ་པོ་དེ་དག་ནི་མདོར་སྡུ་ན་བརྒྱད་ཁོ་ནར་གྱུར་ཏེ། ཆོས་མངོན་པ་ལས་ཇི་ལྟར་དུ་སྦྱངས་པའི་ཡོན་ཏན་ནི་བརྒྱད་དོ་ཞེས་འབྱུང་བ་ལྟ་བུའོ།།
327b7 ཟས་ཆོག་པ་པ་ཉིད་དང་། སྟན་ཅིག་པ་ཉིད་ནི་ཟས་ཕྱིས་མི་ལེན་པ་ཉིད་ཀྱི་ནང་དུ་འདུ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བཟུང་བའི་མཐའ་བ་ནི་བདག་ཉིད་ཀྱི་རང་སྐལ་ཅིག
327b8 ལེན་པ་ཡིན་ཏེ། དེ་ལྟ་བས་ན་ཟས་ཆོག་པ་ཉིད་ནང་དུ་འདུ་བར་འགྱུར་རོ།། ཡང་ལན་གཉིས་སུ་མི་ཟ་སྟེ། དེ་ལྟ་བས་ན་སྟན་ཅིག་པ་ཉིད་འདུ་བར་འགྱུར་རོ།། ཤིང་དྲུང་པ་ཉིད་དང་།