| e-texts navigator |
| Wylie |
327a1 རྐྱེན་གཡན་པ་དགབ་པ་དང་། གདོང་ཕྱིས་ཀྱི་གོས་དང་། དབྱར་གྱི་རས་ཆེན་དང་། གཞན་གྱི་རུང་བ་བཅོལ་བ་སྐབས་ཕྱེ་བླངས་པར་བྱ་སྟེ། ཆོས
327a2 གོས་གསུམ་པ་ཉིད་ཉམས་པར་མི་འགྱུར་རོ།། བསོད་སྙོམས་པ་ཉིད་སྐབས་ཕྱེ་བ་ནི་སྒོས་པའི་ཟས་དང་། ཚུལ་ཤིང་གི་ཟས་དང་། ཟླ་བ་ཕྱེད་པའི་ཟས་དང་། བསོ་སྦྱོང་བ་དང་།
327a3 དགེ་འདུན་གྱི་ཟས་དང་། གཙུག་ལག་ཁང་གིས་ཟས་སྐམས་ཕྱེ་བས་ཡོངས་སུ་ལོངས་སྤྱོད་པར་བྱ་སྟེ། བསོད་སྙོམས་པ་ཉིད་འཇུག་པར་མི་འགྱུར་རོ།། འོན་ཀྱང་ཉེས་ད་མིག
327a4 སུ་ལྟ་བས་ནི་ཡོངས་སུ་སྤྱོད་པར་བྱའོ།། མཐར་ཆགས་སུ་རྒྱུ་བ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཁྱིམ་གྱི་སྒོ་ན་གླང་པོ་ཆེ་འམ། རྟ་འམ། ཁྱུ་མཆོག་གམ། ཁྱི་འམ། འཐབ་པ་འམ། ངོ་ཚ
327a5 བར་འགྱུར་བ་དེ་ལྟ་བུ་གཞན་མཐོང་ནས་ཐོད་རྒལ་དུ་རྒྱུ་བ་དང་། ཟས་བཟར་མི་རུང་བའི་ཁྱིམ་འམ། ལྷུང་བཟེད་ཁས་ཕུབ་པ་དང་། སློབ་པར་གྲགས་པའི་ཁྱིམ་རྒལ་ནས་རྒྱུ་བ
327a6 དདང་སློབ་དཔོན་ནམ་མཁན་པོ་འམ་བློ་བུར་བ་དང་། ལྷན་ཅིག་རྒྱུ་བ་ནི་སྐབས་ཕྱེ་བས་ཐོང་རྒལ་དུ་ཡང་རྒྱུ་བར་བྱ་སྟེ། མཐར་ཆགས་སུ་རྒྱུ་བ་ཉིད་ཉམས་པར་མི་འགྱུར་རོ།།
327a7 སྟན་ཅིག་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཟས་ཟ་བ་ནི་གླང་པོ་འམ། ཁྱུ་མཆོགས་གམ། སྦྲུལ་ལམ། ཐོག་འབབ་པ་འམ། མཁན་པོ་འམ། སློབ་དཔོན་འམ། བློ་བུར་བ་འོངས
327a8 བ་མཐོང་ནས། གལ་ཏེ་ལང་པར་གྱུར་ན་སྐབས་ཕྱེ་བས་ཡང་བཟའ་བར་བྱ་སྟེ། སྟན་ཅིག་པ་ཉིད་ཉམས་པར་མི་འགྱུར་རོ།། ཟས་ཆོག་པ་ཉིད་དང་། ཟས་ཕྱིས་མི་ལེན་པ་ཉིད་ལ