e-texts navigator
Collection
Volume
Page
Wylie

326a1 རྒྱང་གིས་སླེབས་ཙམ་གྱིས་ནང་དུར་ཁྲོད་དུ་གནས་པར་བྱ་ཞིང་། སྐྱ་རེངས་ཤར་ནས་ཁྱེའུ་དང་། ཆོས་གོས་དང་། རིལ་བ་སླངས་ནས་སླར
326a2 འགྲོ་བར་བྱ་བ་འདི་ནི་འདིའི་སྤྱོད་པ་ཡིན་ནོ།། དུར་ཁྲོད་པ་ནི་གཞན་དུ་གནས་པ་སྤོང་བ་ཡིན་ནོ།། གནས་པ་ཁས་མི་ལེན་པས་ནི་དུར་ཁྲོད་པ་ཉིད་འཇིག་གོ། གཞི་ཇི་བཞིན
326a3 ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། བརྐམ་ཆགས་ཀྱི་གནས་མལ་ལ་ཕན་ཚུན་ལྡང་བ་ཕ་རོལ་ལ་གནོད་པར་བྱེད་པའི་ཉེས་དམིགས་ཀྱང་མཐོང་། གཞི་ཇི་བཞིན་པ་ཉིད་ཀྱི
326a4 ཡོན་ཏན་དག་ཀྱང་མཐོང་ནས། འདི་སྐད་ཅེས་དེང་སླན་ཆད་བརྐམ་ཆགས་གནས་སྤོང་སྟེ། གཞི་ཇི་བཞིན་པ་ཉིད་སླར་ཡང་དག་པར་ལེན་ཏོ།། ཞེས་ཡང་དག་པར་ལེན་ཏོ།།
326a5 དེ་ལ་ཇི་བཞིན་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། ནང་དུ་ཡང་དག་འཇོག་ལ་བླ་མར་བཀུར་བ་དང་། ཇི་ལྟར་རྙེད་པས་ཆོག་ཤེས་པ་དང་། དེ་ལ་ཆགས་པ་སྤོང་བ་དང་།
326a6 བྱམས་པའི་སེམས་དང་། གཅིག་པུ་ཉིད་ལ་དགའ་བ་དང་། དང་བར་བྱ་བ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ
326a7 བུ་ལ་སོགས་པ་ནི་བཞི་ཇི་བཞིན་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ།། གཞི་ཇི་བཞིན་པ་ནི་གང་ཡིན། བདག་གིས་ནི་གཞི་ཇི་བཞིན་པ་ཉིད་འདི་འཇིག་ཅེ་ན། གཞི་ཇི་བཞིན་པ་ནི
326a8 བརྐམ་ཆགས་ཀྱི་མལ་སྤོང་བ་ཡིན་ཏེ། བརྐམ་ཆགས་ཀྱི་གནས་མལ་སྤོང་བ་ཞེས་བྱ་བ་ནི་སྔ་ན་འདུག་པ་བླངས་ནས། གནས་མལ་ལེན་པར་ནི་བྱེད་དོ།། བརྐམ་ཆགས་ཀྱི




iiif viewer powered by OpenSeadragon

325b - 326b

Texts on this page

F327 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba