| e-texts navigator |
| Wylie |
325a1 ཁོང་སྟོང་དང་། ཤིང་ཉན་ཆེན་སྤང་བར་བྱའོ།། ཤིང་དྲུང་པ་ནི་གཡོགས་པར་གནས་པ་སྤོང་བ་ཡིན་ནོ།། གཡོགས་པར་གནས་པས་ནི་ཤིང་དྲང་པ
325a2 ཉིད་འཇིག་གོ།། བླ་གབ་མེད་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ཤིང་དྲུང་ནི་གནས་ཚོལ་བ་དང་། ཡོངས་སུ་བཟུང་བས་ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང
325a3 མཐོང་ནས། འདི་སྐད་དུ་དེང་སླན་ཆད་གཡོགས་པ་དང་། ཤིང་དྲུང་དུ་གནས་པ་སྤོང་སྟེ། བླ་གབ་མེད་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ།། དེ་ལ་བླ་གབ
325a4 མེད་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། བརྩོན་པ་མི་གཏོང་བ་ཉིད་དང་། རྨུགས་པ་དང་། གཉིད་སྤངས་པ་དང་། རི་དགས་ལྟ་བུ་ཉིད་དང་། ཕྱོགས་བཞི་ཕྱེད་པ་ཉིད
325a5 སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་བླ་གབ་མེད་པ་ཉིད་ཀྱིས་ཡོན་དྲུག་ཡིན་ནོ།། བླ་གབ་མེད་པ་པ་ནི་གང་ཞིག་ཡིན།
325a6 གང་གིས་བླ་གབ་མེད་པ་ཉིད་དང་། བླ་གབ་མེད་པ་ནི་གཡོགས་པ་དང་། ཤིང་དྲུང་དུ་གནས་པ་སྤོང་བ་ཡིན་ནོ།། གཡོགས་པ་དང་། ཤིང་དྲུང་དུ་གནས་པས་ནི་བླ་གབ་མེད
325a7 པ་འཇིག་གོ། དུ་ཁྲོད་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། གཞན་དུ་གནས་ན་སེམས་ཡིད་མི་འབྱུང་བ་ཉིད་དང་། བག་མེད་པ་མང་བ་ཉིད་ཀྱིས་ཉེས་དམིགས་ཀྱང་མཐོང་།
325a8 དུར་ཁྲོད་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས། འདི་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས། འདི་སྐད་དུ་དེང་སླན་ཆད་གཞན་དུ་གནས་པ་སྤོང་སྟེ། དུར་ཁྲོད་པ་ཉིད་ཡང