| e-texts navigator |
| Wylie |
324b1 གྱི་མཐའ་ནི་གང་། དགོན་པ་པ་ནི་གང་ཡིན། གང་གིས་ནི་དགོན་པ་པ་ཉིད་འཇིག་ཅེས་ན། གྲོང་དང་གྲོང་གི་ཉེ་འཁོར་དང་། ཀུན་དགའི་ཉེ་འཁོར་མ་གཏོགས་པ་མི་འབྲིང་གི་ཁྲུ
324b2 བཞི་ལ་གཞུ་སྟེ། གཞུ་དེ་ལྟ་བུའི་གཞུ་ལྔ་བརྒྱ་འདི་ནི་དགོན་པའི་གནས་ལམ་གྱི་མཐའ་ཡིན་ནོ།། དགོན་པ་པ་ནི་གྲོང་མཐར་གནས་པ་སྤོང་བ་ཡིན། ཇི་ལྟར་ཤིང་དྲུང་པ་ཉིད་ཇི་ལྟ་ཡང
324b3 དག་པར་ལེན་ཅེ་ན། གཡོག་པར་གནས་ན་ཡོངས་སུ་བཟུང་བ་དང་། བཅོས་ལེགས་བྱ་བ་དང་། གཞན་ལ་གསོལ་བ་བྱ་བ་དང་། ལོངས་སྤྱོད་ཀྱི་ཉེས་དམིགས་ཀྱང་མཐོང་བ། ཤིང་དྲུང
324b4 པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས། འདི་སྐད་དུ་དེང་སླན་ཆད་གཡོགས་པར་གནས་ན་ཡོངས་སུ་སྤོང་སྟེ། ཤིང་དྲུང་པ་ཉིད་ཡང་དག་པར་ལེན་ཏོ།། དེ་ལ་ཤིང་དྲུང་པ་ཉིད་ཀྱི
324b5 ཡོན་ཏན་ནི་འདི་དག་ཡིན་ཏེ། གནས་དམ་བཅས་པ་དང་། འཐུན་པ་ཉིད་དང་། ཡོ་བྱད་བསྙུངས་པ་ཉིད་དང་། ལས་ལ་དགའ་བ་ཡོངས་སུ་སྤོང་བ་ཉིད་དང་། ལྷས་བསྐུལ་བ་ཉིད
324b6 དང་། གནས་ལ་སེར་སྣ་སྤོང་བ་ཉིད་དང་། ཆགས་པ་རབ་ཏུ་སྤྱོད་པ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པ་ཉིད། དེ་ལྟ་བུ་ལ་སོགས་པ་ནི། ཤིང
324b7 དྲུང་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ།། ཤིང་དྲུང་ན་ཚད་ཅི་ཙམ་ཞིག་ཡིན། ཤིང་དྲུང་ཇི་ལྟ་བུ་ནི་སྤངས་པར་བྱ། ཤིང་དྲུང་བ་ནི་གང་ཡིན། གང་གིས་ནི་ཤིང་དྲུང་པ་ཉིད་འཇིག
324b8 ཅེ་ན། ཉི་མགུང་གི་དུས་སུ་གྲིབ་མས་ཇི་སྲིད་ཁྱབ་པ་དང་། རླུང་མེད་པར་ལོ་མ་དག་ཇི་སྲིད་དུ་ལྤགས་པ་དེ་སྲིད་ནི་ཤིང་དྲུང་གི་ཆང་ཡིན་ནོ།། ཤིང་དྲུང་པས་རྫོང་རྒན་དང་། ཤིང