| e-texts navigator |
| Wylie |
324a1 ཞིག་ཡིན། གང་གིས་ནི་ཟས་ཕྱིས་མི་ལེན་པ་ཉིད་འདི་ཉིད་འཇིག་ཅེས་ན། ཟས་ཕྱིས་མི་བླངས་པ་ནི་གཉིས་ཏེ། ལྷག་པའི་མཐའ་བ་དང་།
324a2 བཟུང་བའི་མཐའ་བའོ།། དེ་ལྷག་པའི་མཐའ་བ་ཞེས་བྱ་བ་ནི་ཟོས་ཏེ། སྤངས་ནས་ཡང་མི་ཟའོ།། བཟུང་བའི་མཐའ་བ་ཞེས་བྱ་བ་ནི་བདག་ཉིད་ཀྱི་རང་བཞིན་ཅིག
324a3 བླངས་ནས་ཡང་མི་ལེན་པའོ།། ཟས་ཕྱིས་ན་མི་ལེན་པ་ནི་ཟས་ལྷག་པར་སྤོང་བ་ཡིན་ནོ།། ཟས་ལྷག་པ་ཟ་བས་ནི་ཟས་ཕྱིས་མི་ལེན་པ་ཉིད་འཇིག། དགོན་པ་པ་ཉིད་ཇི་ལྟར
324a4 ཡང་དག་པར་ལེན་ཅེ་ན། གྲོང་མཐར་གནས་ན་མི་འདོད་པའི་ཡུལ་གྱིས་འཁྲུག་པ་དང་། ཆགས་པ་སྐྱེ་བ་ཉིད་དང་། འཛིངས་པར་གནས་པ་ཉིད་ཀྱི་ཉེས་དམིགས་ཀྱང་མཐོང་།
324a5 དགོན་པ་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས། འདི་སྐད་དུ་དེང་སླན་ཆད་མཐར་གནས་པར་སྤོང་སྟེ། དགོན་པར་གནས་པ་ཉིད་ཡང་དག་པར་ལེན་ཏོ།། ཞེས་ཡང་དག་པ
324a6 ལེན་ཏོ།། དེ་ལ་དགོན་པ་པ་ཉིད་ཀྱིས་ཡོན་ཏན་ནི་འདི་དག་ཡིན་ཏེ། མི་འདོད་པའི་ཡུལ་ཡོངས་སུ་སྤོང་བ་ཉིད་དང་། གཏམ་གྱི་བཞི་བཅུ་ཡང་དག་པར་སྟོན་པ་དང་། ཤིན་ཏུ་མཛེས
324a7 པ་ཉིད་དང་། ལྷས་བསྐུལ་བ་ཉིད་དང་། འདུ་འཇིལ་དགའ་བ་དོན་དུ་མི་གཉེར་བ་དང་། དབེན་པའི་བདེ་བ་ཅི་འདོད་པ་འཐོབ་པར་ཉིད་སྒྲ་ཕྱུང་བས་རྣལ་འབྱོར་དང་མཐུན་པ
324a8 ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་དགོན་པ་པ་ཉིད་ཡོན་ཏན་དག་ཡིན་ནོ།། དགོན་པའི་གནས་ལམ