e-texts navigator
Collection
Volume
Page
Wylie

323b1 དང་། ཡོ་སྤུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི། ཟས་ཆོག་པ་པའི་ཡོན་ཏན་དག་ཡིན་ནོ།། ཟས་ཀྱི་ཚད་ནི་ཇི་ལྟར་འཛིན། ཟས་ཆོག་པ་པ་ནི་གང་ཡིན། གང་གིས་ནི
323b2 ཟས་ཆོག་པ་པ་ཉིད་འཇིག་ཅེ་ན། འབྲས་བེའུ་གང་གིས་འབྲས་ཆེན་ལྷུང་བཟེད་དུ་བླངས་ནས་ཆོག་པའི་མཚན་མ་ལ་ཉེ་བར་རྟོག་ཅིང་དེའི་འོག་ཏུ་མི་བླངས་པའི་མཚན་མ་ལ་མཁས
323b3 པ་ཡིན་ཏེ། གོམས་ན་ལྟོའི་ཚད་ཀྱང་ཤེས་པར་འགྱུར་རོ།། ཟས་ཚིག་པ་ནི་ཟས་མང་པོ་སྤོང་བ་ཡིན་ནོ།། ཟས་ཚད་ལས་ལྷག་པས་ནི་ཟས་ཆོག་པ་ས་ཉིད་འཇིག་གོ། ཟས
323b4 ཕྱིས་མི་ལེན་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ཟས་ལྷག་པར་ཟས་ན་ཕུལ་སྐྱེ་བ་དང་། གཞན་ལ་རག་ལས་པ་ཉིད་དང་། ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས
323b5 ཀྱང་མཐོང་། ཟས་ཕྱིས་མི་ལེན་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་ཟས་ལྷག་པ་སྤོང་སྟེ། ཟས་ཕྱིས་མི་ལེན་ན་པ་ཉིད་ཡང་དག་པར་ལེན་ཏོ།། ཞེས
323b6 ཡང་དག་པར་ལེན་ཏོ།། དེ་ལ་ཟས་ཕྱིས་མི་ལེན་པ་ཉིད་ཀྱིས་ཡོན་ཏན་འདི་དག་ཡིན་ཏེ། རེ་བ་རབ་ཏུ་ཆད་པ་དང་། དགང་བླ་བ་དང་། གཞན་ལ་རག་མ་ལས་པ་ཉིད་དང་། སོབ
323b7 འཇོགས་ཡོངས་སུ་སྤོང་བ་དང་། ཡང་མི་འཚོལ་བ་ཉིད་དང་། སྐམས་ཆགས་མེད་པ་ཉིད་དང་། ཕུལ་མི་སྐྱེ་བ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད
323b8 བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་ཟས་ཕྱིས་མི་ལེན་པ་ཉིད་ཀྱི་ཡོན་དན་དག་ཡིན་ནོ།། ཟས་ཕྱིས་མི་ལེན་པ་དག་ནི་གང་ཞིག། ཟས་ཕྱི་མི་ལེན་པ་ནི་གང




iiif viewer powered by OpenSeadragon

323a - 324a

Texts on this page

F327 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba