| e-texts navigator |
| Wylie |
323a1 ནི་བསྟན་གཅིག་པ་ཉིད་འཇིག་ཅེ་ན། སྟན་ཅིག་ནི་གསུམ་སྟེ། མངོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ཟས་ཀྱི་མཐའ་བའོ།། དེ་ལ་བསྟན་གྱི
323a2 མཐའ་པ་ཞེས་བྱ་བ་ནི་ཟོས་ནས་སྟན་ལས་ལངས་ཏེ་ཡང་མི་ཟ་བ་ཡིན་ནོ།། ཆུའི་མཐའ་པ་ཞེས་བྱ་བ་ནི་ཟོས་ནས། སྟན་འདུག་ཀྱང་ལྷུང་བཟེད་ཀྱི་ཆུ་བླངས་ནས་ཡང་མི་ཟ་བ་ཡིན་ནོ།།
323a3 དེ་ལ་བསྟན་གྱི་མཐའ་བ་ཞེས་བྱ་བ་ནི་ཟ་བ་ན། ཁམས་ཀྱི་མཐའ་མ་མེད་ནས་ཡང་མི་ཟ་བ་ཡིན་ནོ།། སྟན་གཅིག་པ་ནི་ལན་གཉིས་སུ་འདུག་སྟེ། ཟ་བ་སྤོང་བ་ཡིན་ནོ།། ཟས
323a4 ཀྱི་མཐའ་ནི་ཆུ་དང་སྨན་མ་གཏོགས་པ་མེད་པར་བྱ་བ་གང་ཅུང་ཟད་ཅི་ཡང་རུང་བ་ཡིན་ནོ།། ལན་གཉིས་སུ་འདུག་སྟེ་ཟ་བས་བསྟན་གཅིག་པ་ཉིད་འཇིག་གོ། ཟས་འཆོས་པ
323a5 ཇི་ལྟར་ཡང་དག་པར་ལེན་ཅེ་ན། ཟས་མང་པོ་ཟོས་ན་ལུས་ལྕི་བར་བྱེད་པ་དང་། ཕུལ་སྐྱེ་བ་དང་། འདོད་ཆེན་ཆེ་བ་ཉིད་དང་། ཡོ་བྱད་སྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང
323a6 མཐོང་། ཟས་མཆོག་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་ཅེས་དེང་སླན་ཆད་ཟས་མང་པོ་སྤོང་སྟེ། ཟས་མཆོག་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན
323a7 ཏོ།། དེ་ལ་ཟས་མཆོག་པ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། ཕུལ་མི་སྐྱེས་པ་ཉིད་དང་། ཟས་ཀྱི་ཚོད་ཟིན་པ་ཉིད་དང་། ཟས་མང་དུ་ཟ་བའི་གནད་ཤེས་པ་དང་། ལུས
323a8 ཀྱི་གནས་ངན་ལེན་སྲབས་པ་དང་། དེ་ལ་ཆགས་པ་སྤོང་བ་དང་། གནོད་པ་ཆུང་བ་ཤེས་པ་དང་། ཀུན་ནས་ལྡང་བ་ཡང་དག་པ་སྤངས་པ་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད