e-texts navigator
Collection
Volume
Page
Wylie

322b1 བའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་མཐར་ཆགས་སུ་རྒྱུ་བ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ།། མཐར་ཆགས་སུ་རྒྱུ་བ་ནི་ཅི་ཞིག་ཡིན། མཐར་ཆགས་སུ་རྒྱུ་བ་ནི་གང་ཞིག་ཡིན། གང
322b2 གིས་ནི་མཐར་གྱིས་རྒྱུ་བ་ཉིད་འཇིག་ཅེ་ན། མཐར་གྱིས་རྒྱུ་བ་ནི་བསོད་སྙོམས་སྤྱོད་པ་ནི་ཁྱིམ་དང་པོ་ནས་བཟུངས་ཏེ། ཁྱིམ་མཐར་ཆགས་སུ་རྒྱུ་བ་ཡིན་ནོ།། མཐར་ཆགས་སུ་རྒྱུ་བ་ནི
322b3 བརྙོགས་པར་རྒྱུ་བ་སྤོང་བ་ཡིན་ནོ།། བརྙོགས་པར་རྒྱུ་བས་ནི་མཐར་ཆགས་སུ་རྒྱུ་བ་ཉིད་འཇིག་གོ། བསྟན་གཅིག་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ལན་གཉིས་སུ་འདུག
322b4 སྟེ་ཟ་ན་ཡང་དང་ཡང་དུ་འདུག་ནས། བྱིན་ལེན་བྱ་བ་དང་། ཡོངས་སུ་ལོ་ནས་སྤྱོད་པའི་གཟོ་བས་ཡོ་བྱད་སྦྱངས་པ་མ་ཡིན། པའི་ཉེས་དམིགས་ཀྱང་མཐོང་། བསྟན་གཅིག
322b5 པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་ལན་གཉིས་སུ་འདུག་ཏེ། ཟ་བ་སྤོང་སྟེ། བསྟན་ཅིག་པ་ཉིད་ཡང་དག་པར་ལེན་ཏོ།། ཞེས་ཡང་དག་པར་ལེན་ཏོ།།
322b6 དེ་ལ་བསྟན་ཅིག་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། ཟོས་པ་འཇུག་པ་ཉིད་དང་། སྐམས་ཆགས་མེད་པ་ཉིད་དང་། ཟས་ལྷག་པར་མི་བུ་ཉིད་དང་། གནོད་པ་ཆུང་བ་ཉིད
322b7 དང་། ཟོ་མདོག་བདེ་བ་ཉིད་དང་། ལ་རང་གི་ལས་མི་ཉམས་པ་ཉིད་དང་། རེག་པར་གནས་པ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་སྤུངས་པའི་ཚུལ་ཅན་དེ། དེ
322b8 ལྟ་བུ་ལ་སོགས་པས་ནི་བསྟན་གཅིག་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ།། སྟན་གཅིག་པ་ནི་དུ་ཞིག། སྟན་གཅིག་པ་ནི་གང་ཞིག་ཡིན། ཟས་ཀྱི་མཐའ་ནི་གང་ཡིན། གང་གིས




iiif viewer powered by OpenSeadragon

322a - 323a

Texts on this page

F327 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba