e-texts navigator
Collection
Volume
Page
Wylie

321b1 གོས་གསུམ་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ།། དེ་ལ་ཆོས་གསུམ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། འབོར་ཡང་བའི་ཚུལ་ཅན་ཉིད་དང་། གསོགས
321b2 འཇོག་ཡོངས་སུ་སྤངས་པ་ཉིད་དང་། ཁུར་ཆུང་བ་ཉིད་དང་། ལུས་འཚོ་བ་ཙམ་གྱིས་ཆོག་ཤེས་པ་ཉིད་དང་། བྱ་བཞིན་དུ་གར་དགའ་བར་འགྲོ་བ་ཉིད་དང་། སྐྱེས་བུ་དམ་པའི
321b3 སྤྱོད་པ་ཉིད་དང་། ཡོ་བྱད་སྦྱངས་པའི་ཚུལ་ཅན་དེ། དེ་ལྟ་བུ་ལ་སོགས་པ་ནི་ཆོས་གོས་གསུམ་པ་ཉིད་ཀྱིས་ཡོན་ཏན་དག་ཡིན་ནོ།། ཆོས་གོས་གསུམ་པ་ཉིད་ནི་ཅི་ཞིག་ཡིན། ཆོས
321b4 གོས་གསུམ་པ་གང་ཞིག། གང་གིས་ནི་ཆོས་གོས་གསུམ་པ་ཉིད་འཇིག་ཅེ་ན། སྣམ་སྦྱར་དང་། བླ་གོས་དང་ཐང་གོས་ཏེ། འདི་དག་ནི་ཆོས་གོས་གསུམ་པ་ཡིན་ནོ།། ཆོས་གོས
321b5 གསུམ་པ་གོས་བཞི་པ་སྤོང་བ་ཡིན་ནོ།། གོས་བཞི་པ་ཚང་བས་ནི་གོས་གསུམ་པ་ཉིད་འཇིག་གོ། བསོད་སྙོམས་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། འགྲོན་དུ་སོང་ནས་རང་གི་ལས
321b6 ཉམས་པ་དང་། གཞན་གྱི་དབང་དུ་འགྱུར་བ་དང་། མི་མཐུན་པ་ཕྲད་པ་དང་། འདུག་ན་ཉམས་ང་བའི་ཉེས་དམིགས་ཀྱང་མཐོང་། བསོད་སྙོམས་པ་ཉིད་ཀྱི་ཡོན་ཏན་དག
321b7 ཀྱང་མཐོང་། འདི་སྐད་དུ་དེང་སླན་ཆད་འགྲོན་དུ་འགྲོ་བ་སྤོང་སྟེ། བསོད་སྙོམས་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏེ།། དེ་ལ་བསོད་སྙོམས་པ་ཉིད་ཀྱི
321b8 ཡོན་ཏན་ནི་འདི་དག་ཡིན་ཏེ། གནས་དམ་བཅས་པ་དང་འཐུན་པ་ཉིད་དང་། རང་དབང་བ་ཡོད་པ་ཉིད་དང་། གཞན་མི་གསོ་བ་ཉིད་དང་། ལེ་ལོ་མེད་པ་དང་། ང་རྒྱལ་བཅོམ




iiif viewer powered by OpenSeadragon

321a - 322a

Texts on this page

F327 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba