| e-texts navigator |
| Wylie |
321a1 ཉིད་དང་། ཀྱེ་བོ་ཕྱི་མས་མཐོང་ནས་རྗེས་སུ་འཇུག་པ་ཉིད་དང་། ཡང་དག་པར་སྒྲུབ་པ་སྣང་བ་ཉིད་དང་། རྒྱལ་བས་བསྔགས་པ་སྟེ། དེ་ལྟ་བུ
321a2 ལ་སོགས་པ་ནི། ཕྱག་དར་ཁྲོད་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ།། ཕྱག་དར་ཁྲོད་པ་ཉིད་ནི་རྣམ་པ་དུ་ཞིག། ཕྱག་དར་ཁྲོད་པ་ནི་གང་ཞིག་ཡིན། གང་གིས་ནི་ཕྱག་དར
321a3 ཁྲོད་པ་ཉིད་འདི་འཇིག་ཅེ་ན། ཕྱག་དར་ཁྲོད་པ་ནི་རྣམ་པ་གཉིས་ཏེ་བདག་པོ་མེད་པ་དང་། རང་བཞིན་གྱིས་མི་རྣམས་ཀྱི་མི་རྣམས་ཀྱིས་སྨད་པར་གྲགས་པའོ།། དེ་ལ་དུར
321a4 ཁྲོད་དམ། ཕྱག་དར་གྱི་ཕུང་པོ་འམ། ཚོང་འདུས་སམ། ལམ་པོ་ཆེ་ནས་དམ་དུམ་དག་བཏུས་སྣམ་བྱར་བྱས་ཏེ། འཆང་བ་འདི་ནི་བདག་པོ་མེད་པའི་ཕྱག་དར་ཁྲོད་པ་ཡིན་ནོ།།
321a5 ཁ་ཚར་སྤྱད་པ་དང་། ཕུན་ཚར་བཅད་པ་དང་། བ་གླང་གིས་ཟོས་པ་དང་། བྱི་བས་ཟོས་པ་དང་། མེས་ཚིག་པ་དང་། ཡ་སྟགས་དང་། རོ་བག་གིས་གོས་དང་། མུ་སྟེག
321a6 ཅན་གྱི་མཚན་མ་འདི་དག་ནི་རང་བཞིན་གྱིས་མི་རྣམས་སྨད་པར་གྲགས་པའི་ཕྱག་དར་ཁྲོད་པ་ཡིན། ཕྱག་དར་ཁྲོད་པ་ནི་ཁྱིམ་བདག་གི་གོས་སྤོང་བ་ཡིན། ཁྲིམ་བདག་གི་གོ
321a7 བླངས་པས་ནི། ཕྱག་དར་ཁྲོད་པ་ཉིད་འཇིག་གོ།། ཆོས་གོས་གསུམ་པ་ཉིད་ཇི་ལྟར་ཡང་དག་པར་ལེན་པ་ཅེ་ན། ཆོས་གོས་ལྷག་པ་ཚོལ་བ་དང་། སྦེད་པ་དང་། རུང་བར
321a8 བྱ་བ་དང་། འབགས་པའི་ཉེས་དམིགས་ཀྱང་མཐོང་། ཆོས་གོས་གསུམ་པ་ཉིད་ཀྱིས་ཡོན་ཏན་དག་ཀྱང་མཐོང་ནས། འདི་སྐད་དུ་དེང་སླན་ཆད་གོས་བཞི་པ་སྤོང་བ་དེ། ཆོས