e-texts navigator
Collection
Volume
Page
Wylie

320b1 པ་ཉིད་ནི་ལན་གཉིས་སུ་འདུག་པ་སྤོང་བ་ཡིན་ནོ།། ཟས་མཆོག་པ་ཉིད་ནི་ཟས་མང་པོ་སྤོང་བ་ཡིན་ནོ།། ཟས་ཕྱིས་མི་ལེན་པ་ཉིད་ནི་ཟས་ལྷག་པ་སྤོང་བ་ཡིན་ནོ།། དགོན་པ་ཉིད་ནི་གྲོང་།
320b2 མཐའ་བར་གནས་པར་སྤོང་བ་ཡིན་ནོ།། ཤིང་དྲུང་པ་ཉིད་ནི་གཡོག་པར་གནས་པ་སྤོང་བ་ཡིན་ནོ།། བླ་གབ་མེད་པ་ཉིད་ནི་གཡོགས་པ་དང་། ཤིང་དྲུང་དུ་གནས་པ་སྤོང་བ་ཡིན་ནོ།། །
320b3 དུར་ཁྲོད་པ་ཉིད་ནི་གཞན་དུ་གནས་པ་སྤོང་བ་ཡིན་ནོ།། གཞི་ཇི་བཞིན་པ་ཉིད་ནི་སྐམ་ཆགས་ཀྱིས་གནས་མལ་སྤོང་བ་ཡིན་ནོ།། ཅོག་པུ་པ་ཉིད་ནི་ཉལ་བ་སྤོང་བ་ཡིན་ནོ།། དེ་ལ
320b4 ཕྱག་དར་ཁྲོད་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ཁྱིམ་བདག་གིས་གོས་ཚོལ་བ་དང་། ཡོངས་སུ་འཛིན་པ་གཞན་ལ་གསོལ་བར་བྱེད་པའི་ཉེས་དམིགས་ཀྱང་མཐོང་། ཕྱག
320b5 དར་ཁྲོད་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས། གོས་ནར་མ་ལ་གནས་པ་འདི་སྐད་དུ། དེང་སླན་ཆད་ཁྱིམ་པ་བདག་གི་གོས་སྤོང་སྟེ། ཕྱག་དར་ཁྲོད་པ་ཉིད་ཡང་དག་པར་ལེན
320b6 ཏོ། ཞེས་ཡང་དག་པར་ལེན་ཏོ།། དེ་ལ་ཕྱག་དར་ཁྲོད་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། གནས་པར་དམ་བཅས་པ་དང་མཐུན་པ་ཉིད་དང་། གཞན་ལ་རག་མ་ལས་པ
320b7 ཉིད་དང་། མ་རུང་ན་མི་འཇེད་པ་ཉིད་དང་། ཡོངས་སུ་སྦྱོང་པ་ནི་ལྷག་པར་མ་ཆག་པ་ཉིད་དང་། བརྐམ་ཆགས་མེད་པ་ཉིད་དང་། ཆོམ་ཀུན་གྱིས་མི་ཕྲོག་པ་ཉིད་དང་། དུས
320b8 ཐམས་ཅད་པ་ཉིད་དང་། འཕགས་པ་ཆུང་བ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། དང་བར་བྱེད་པའི་ཡོན་ཏན་དང་ལྡན་པ།




iiif viewer powered by OpenSeadragon

320a - 321a

Texts on this page

F327 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba