| e-texts navigator |
| Wylie |
320a1 སྤྱོད་པའི་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་ནི། རྣམ་གྲངས་དུ་མས་འདོད་པ་ཆུང་བ་ཉིད་དང་། ཆོག་ཤེས་པ་དང་། ཡོ་བྱེད་བསྲུང་།
320a2 བརྒྱུས་པ་དང་། བརྩོན་འགྲུས་བརྩོམ་པ་དང་། དགང་སླ་བ་ཉིད་དང་། རེག་པར་གནས་པ་དང་། ཡོངས་སུ་ཞེན་པ་རབ་ཏུ་གཅོད་པར་འགྱུར་ཞིང་། འདིའི་ཚུལ་ཁྲིམས་ལེགས
320a3 པར་བསྲུང་བ་དང་། ཏིང་ངེ་འཛིན་ཚོགས་དང་། འཕགས་པའི་རིགས་སྣང་བར་ཡང་འགྱུར་ལ། ཡོན་ཏན་གྱི་མཆོག་དག་ལ་ཡང་སྣང་བར་འགྱུར་རོ།། དེ་ལ་སྦྱངས་པའི་ཡོན་ཏན
320a4 བཅུ་གསུམ་ལ་གོས་དང་ལྡན་པ་གཉིས་ཏེ། ཕྱག་དར་ཁྲོད་པ་ཉིད་དང་། ཆོས་གོས་གསུམ་པ་ཉིད་དོ།། ཟས་དང་ལྡན་པ་ལྔ་སྟེ། བསོད་སྙོམས་པ་ཉིད་དང་། ཐར་ཆགས་སུ་རྒྱུ་བ
320a5 ཉིད་དང་། བསྟན་གཅིག་པ་ཉིད་དང་། བཞི་མཆོག་པ་ཉིད་དང་། ཟས་ཕྱི་མི་ལེན་པ་ཉིད་དོ།། གནས་མལ་དང་ལྡན་པ་ལྔ་སྟེ། དགོན་པ་ཉིད་དང་ཤིང་དྲུང་པ་ཉིད་དང་། བླ་གབ་མེད
320a6 པ་ཉིད་དང་། དུར་ཁྲོད་པ་ཉིད་དང་། གཞི་ཇི་བཞིན་པ་ཉིད་དོ།། བརྩོན་འགྲུས་དང་ལྡན་པ་གཅིག་སྟེ། ཙོག་པུ་པ་ཉིད་དོ།། དེ་ལ་ཕྱག་དར་ཁྲོད་པའི་ཡན་ལག་གི་ངོ་བོ་ཉིད་ནི་ཕྱག
320a7 དར་ཁྲོད་པ་ཉིད་དོ།། ལྷག་མ་རྣམས་ནི་ཚིག་གི་དོན་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། དེ་ལ་ཕྱག་དར་ཁྲོད་པ་ཉིད་ནི་ཁྱིམ་བདག་གིས་གོས་སྤོངས་པ་ཉིད་ཡིན་ནོ།། ཆོས་གོས་གསུ
320a8 པ་ཉིད་ནི་གོས་བཞི་པ་སྤོང་བ་ཡིན་ནོ།། བསོད་སྙོམས་པ་ཉིད་ནི་མགྲོན་དུ་འགྲོ་བ་སྤོང་བ་ཡིན་ནོ།། མཐར་ཆགས་སུ་རྒྱུ་བ་ཉིད་ནི་བརྙོགས་པར་རྒྱུ་བ་སྤོང་བ་ཡིན་ནོ།། སྟན་གཅིག