e-texts navigator
Collection
Volume
Page
Wylie

297a1 མཛེས་པ་ལེགས། དཔལ་ལྡན་ཤངས་འཚམ་ཆ་བྱད་རྨད་དུ་བྱུང་བ་ལེགས་སྨྲ་མཁས་སྙན་ཤལ་གསེར་གྱི་འཕྱང་ཐག་འདྲ
297a2 བ་ལེགས།། མཆེ་བ་ཁ་བ་དུང་འདྲ་ལེགས་ལ་ཕྱག་འཚལ་ལོ།། གཙོ་བོ་བཀྲེས་པ་མགོན་པོ་ཁྱོད་ཀྱིས་དེ་རིང་དུ།། མི་རྣམས་སྦྱིན་པ་དབྱེ་བ་ལོགས་པར་གསུངས
297a3 པ་ལེགས།། སླར་ཞིང་ཚུལ་ཁྲིམས་བཟོད་པ་སྟོབས་དང་ཡེ་ཤེས་དང་། ཐབས་དང་བསམ་གཏན་རྫུ་འཕྲུལ་སྨོན་ལམ་མཉན་པར་འཚལ།། བཅོམ་ལྡན་འདས་ཀྱིས
297a4 དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། རིའི
297a5 ཕུག་དང་། ཟོམ་དང་། རི་སུལ་དང་། གསེབ་དང་། སྨན་ལྡོང་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང་། ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབོད་པོའི་གཙུག
297a6 གི་ནོར་བུ་ལ་སོགས་པའི་བྱང་ཆུབ་སེམས་དཔའ། ལྔའི་བུ་དེ་དག་དང་། རྒྱལ་པོ་ཆེན་པོ་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི
297a7 འཇིག་གཏན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕག་པ་སྦྱིན་པའི་ཕ་རོལ་ཏུ
297a8 ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་བྲང་ཆ་བར་མ་དང་། ཞུ་ཆེན་གྱི་ལོཙ




iiif viewer powered by OpenSeadragon

296b - 297b

Texts on this page

F324 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo