| e-texts navigator |
| Wylie |
296b1 ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དབྱེ་བ་བཤད་པ་ཐོས་ནས་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་བདེ་བ་དང་ཡིད་བདེ་བ་སྐྱེས་ནས།
296b2 སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་ཅིག་ཏུ་བཟར་ནས། པུས་ག་གཡས་པའི་ལྷ་ང་དཔ་མའི་སྙིང་པོ་ལ་གཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར
296b3 ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ལེགས་སོ་ཞེས་བྱ་བ་གསོལ་ཏོ།། སྦྱིན་པ་མཛད
296b4 ལེགས་སོ།། རྟག་ཏུ་ཡབ་འདྲ་ཁྱོད་ལེགས་སོ།། སྦྱིན་མཛད་ལེགས་སོ་གསུང་མཛད་བདེ་གཤེགས་ཁྱོད་ལེགས་སོ།། གཉེན་གྱུར་ལེགས་སོ།། མཛའ་བོ
296b5 སྟོན་པར་གྱུར་པ་ལེགས་སོ།། གཅིག་པུ་འདི་ན་སྦྱིན་པ་ཁྱོད་ལེགས། མཐུ་ཆེན་ལེགས། ལྷ་མི་ནད་རྣམས། བཀྲེས་པ་སེལ་མཛད་ཁྱོད་ལེགས་སོ།། མཆོད
296b6 གནས་ལེགས་སོ་མི་རྣམས་ནང་ན་དཔའ་བོ་ལེགས།། གསུངས་པ་ལེགས་སོ་བདག་ཉིད་ཆེན་པོ་རབ་ཏུལ་ལེགས།། མི་རྣམས་ཉོན་མོངས་སྡུག་སེལ་སྨན་པའི
296b7 རྒྱལ་པོ་ལེགས།། གྲོལ་བའི་ལེགས་སོ་སྲིད་པ་གསུམ་ལས་རྣམས་གྲོལ་ལེགས།། སྨན་པ་ལེགས་སོ་ཕན་གཞན་དམ་པ་མཛད་ལེགས།། དཔལ་ཡོན
296b8 ཅན་ལེགས་པཀྲ་ཤིས་སྙོམས་པའི་ཐུགས་མངའ་ལེགས།། ཞལ་ལྡན་ཟླ་བཅ་འདྲ་དྲི་མེད་ཞལ་མངའ་ལེགས། བློ་ལྡན་མངོན་ཏིང་སྤྱན་ཡངས་རང་བཞིན