e-texts navigator
Collection
Volume
Page
Wylie

296a1 དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་ཟློ་བར་བྱེད་པ། འཇིག
296a2 རྟེན་ལོང་བ་འདྲེན་པ་མེད་པ་དང་། སྐྱོབ་པ་མེད་པ་དང་། སྐྱབས་མེད་པ་དང་། གནས་མེད་པ་དང་གླིང་མེད་པ་དང་། དཔུང་གཉེན་མེད་པ་རྣམས་ཀྱི་འདྲེན་པ་དང་།
296a3 ཡོངས་སུ་འདྲེན་པ་དང་། གྲོལ་བ་དང་། སྐྱབས་དང་། གནས་དང་གླིང་དང་། དཔུང་གཉེན་ཅེས་ཡོངས་སུ་བསྔོ་བར་བྱེད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས
296a4 ཕྱིར་སྦྱིན་པ་འདིས་ན་བདག། འཁོར་བའི་རྒྱ་མཚོ་ཆེན་པོ་ལས།། གཞན་མིག་ཐེག་པ་ཆེན་པོ་ཡིས།། སེམས་ཅན་རྣམས་ནི་སྒྲོལ་གྱུར་ཅིག། སྐྱེ་བོ་ཐམས་ཅད་ཉོན
296a5 མོངས་པའི།། འཆིང་བ་ལས་དང་སྒྲོལ་བར་ཤོག། དབུགས་མ་ཕྱིན་པ་དབུགས་འབྱིན་ཅིང་།། མྱ་ངན་འདས་ལམ་སྟོན་གྱུར་ཅིག། འཇིག་རྟེན་ལོང་བ་འདྲེན་མེད་པའི།།
296a6 ཡོངས་སུ་འདྲེན་པར་བདག་གྱུར་ཅིག། ལུས་ཅན་རྣམས་ལ་སྐྱོབ་པ་དང་། དཔུང་གཉེན་གླིང་དང་སྐྱབས་གྱུར་ཅིག། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས
296a7 དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པར་བྱེད་པ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་ཕུག་དང་། ཟོམ་དང་རིའི
296a8 སུལ་དང་། གསོབ་དང་། སྨན་ལྡིང་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང་། ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུས། བཅོམ་ལྡན་འདས




iiif viewer powered by OpenSeadragon

295b - 296b

Texts on this page

F324 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo