e-texts navigator
Collection
Volume
Page
Wylie

295b1 པ་དད་ཅིང་བཟང་ལ་དགེས་པར་སྦྱིན་པར་བྱེད། སེར་སྣ་མེད་པར་སྦྱིན་པར་བྱེད། བརྐམ་པ་མེད་པར་སྦྱིན་པར་བྱེད། ཞུམ་པ་མེད་པར་སྦྱིན་པར་བྱེད། འཇིག
295b2 པ་མེད་པ་སྦྱིན་པར་བྱེད། རྒྱ་ཆེ་ཞིང་ཡངས་པར་སྦྱིན་པར་བྱེད། དེ་སྦྱིན་པ་དེ་ལྟ་བུ་དེ་སྦྱིན་པ་ན། འདི་སྙམ་དུ་འདི་ཚུལ་ཁྲིམས་དང་ལྡན་པ་ཡིན་གྱིས་བདག་གིས་སྦྱིན
295b3 པར་བྱའོ།། འདི་ཚུལ་ཁྲིམས་འཚལ་བ་ཡིན་ནོ།། འདི་ནི་དགེ་བའི་ཆོས་དང་ལྡན་པ་ཡིན་ནོ།། འདི་ནི་དགེ་བའི་ཆོས་མ་ཡིན་པ་དང་ལྡན་པ་ཡིན་ནོ།། འདི་ལ་བྱིན་ན
295b4 འབྲས་བུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་མཐུ་ཆེ་བར་འགྱུར་རོ།། འདི་ལ་བྱིན་པ་ནི་འབྲས་བུ་མི་ཆེ་བ་དང་།། ཕན་ཡོན་མི་ཆེ་བ་དང་། མཐུ་མི་ཆེ་བར་འགྱུར་རོ་སྙམ་དུ་མི
295b5 སེམས་སོ།། གཞན་ཡང་དག་པའི་བློ་དང་ལྡན་གྱི།། ཡང་དག་པ་མ་ཡིན་པའི་ཕྱིར་དེ་སྦྱིན་པ་དེ་བྱིན་པ་ནི། འདི་སྙམ་དུ་སྦྱིན་པ་འདི་དང་དགེ་བའི་རྩ་བ་དང་། ཆོས་ཀྱི་ཕྱིར
295b6 སྦྱིན་པ་ཡོངས་སུ་གཏོང་བ་འདིས་ན། བདག་རྒྱལ་པོར་གྱུར་ཅིག་ཅེ་འམ། རྒྱལ་པོ་གཞན་ནམ་བློན་པོ་ཆེན་པོ་འམ། ལྷ་འམ་ལྷའི་བུ་འམ། ལྷ་གཞན་གང་ཡང
295b7 རུང་བ་ཞིག་ཏུ་གྱུར་ཅེས་སེམས་སྐྱེད་པར་མི་བྱེད་དོ།། འོ་ན་གང་དུ་ཞེ་ན། གཞན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ།།
295b8 དགེ་བའི་རྩ་བ་འདི་དང་ཆོས་ཀྱི་ཕྱིར་ཡོངས་སུ་གཏོང་བ་འདིས་ན། བདག་སེམས་ཅན་མ་སྒྲལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་གྲོལ་བར་བྱེད་པ་དང་།




iiif viewer powered by OpenSeadragon

295a - 296a

Texts on this page

F324 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo