| e-texts navigator |
| Wylie |
295a1 བྱིན་པས་ནི་བླ་མ་ཐོབ་པར་འགྱུར། བནོན་པ་བྱིན་པས་ནི་རྫུ་འཕྲུལ་དང་ལྡན་པར་འགྱུར། བྱུག་པ་བྱིན་པས་ནི་རྨ་མེད་པར་འགྱུར།
295a2 ཕྱག་དར་བྱིན་པས་ནི་རྡུལ་དང་བྲལ་བར་འགྱུར། དྲིལ་བུ་བྱིན་པས་ནི་ཚེ་རབས་དྲན་པར་འགྱུར། གནས་བྱིན་པས་ནི་ཐམས་ཅད་བྱིན་པར་འགྱུར། ཆོས་བྱིན
295a3 པོས་ནི་བདུད་རྩི་བྱིན་པར་འགྱུར་གྱིས། བདག་གིས་ཆོས་ཀྱི་སྦྱིན་པ་བྱིན་པར་བྱེ་གོར་མཆོག་སྙམ་མོ།། དེ་སྦྱིན་པ་དེ་ལྟ་བུ་བྱིན་པ་ཆགས་པས་བྱིན་པར་མི་བྱེད།
295a4 རྨོངས་པས་སྦྱིན་པར་མི་བྱེད། ཚིག་པ་ཟ་ཞིང་སྦྱིན་པར་མི་བྱེད། བརྙས་བཞིན་དུ་སྦྱིན་པར་མི་བྱེད། རྡེག་ཅིང་སྦྱིན་པར་མི་བྱེད། ཆར་བཅད་དེ་སྦྱིན་པར
295a5 མི་བྱེད། ཁྱོད་དུ་གསོད་ཅིང་སྦྱིན་པར་མི་བྱེད། སྨད་དེ་སྦྱིན་པར་མི་བྱེད། ང་རྒྱལ་གྱིས་ཁེངས་པ་བཞིན་དུ་སྦྱིན་པར་མི་བྱེད། འགྱེང་ཞིང་དུ་སྦྱིན་པར་མི་བྱེད།
295a6 ལྷག་མར་གྱུར་པའི་སྦྱིན་པར་མི་བྱེད། རུལ་ཅིང་མྱགས་པར་མི་བྱེད། སྦྱིན་པ་གང་དང་གང་སྦྱིན་པ་དེ་གུས་པར་བྱས་ཏེ་སྦྱིན་པར་བྱེད། བླ་མར་བྱས་རི་མོར་བྱས།
295a7 མཆོད་པར་བྱས་ཤིང་བརྗོད་ནས་སྦྱིན་པར་བྱེད། མང་དུ་སྦྱིན་པར་བྱེད། བཟང་པོ་སྦྱིན་པར་བྱེད། རབ་ཏུ་དགའ་བས་སྦྱིན་པར་བྱེད། དགའ་ཞིང་གུས་པས་སྦྱིན
295a8 པར་བྱེད། གཙང་བ་དང་རྒྱ་ཆེར་སྦྱིན་པར་བྱེད། རང་གི་ལག་པ་ནས་སྦྱིན་པར་བྱེད། གུས་པ་དང་བཅས་པ་དང་ཞེ་ས་དང་བཅས་པར་སྦྱིན་པར་བྱེད། བས