| e-texts navigator |
| Wylie |
294b1 སུམ་ཚོགས་པ་བྱིན་པས་ནི་ཡོ་བྱད་གྱ་ནོམ་པ་རྣམས་ཐོབ་པར་འགྱུར། རེག་པ་ཕུན་བུམ་ཚོགས་པ་བྱིན་པས་ནི་རྐང་ལག་འཇམ་ཞིང་གཞོན་ཤ་ཆགས་པ
294b2 འགྱུར། རང་གི་ལག་ནས་བྱིན་པས་ནི་བསྙེན་བཀུར་བྱེད་པ་ཐོབ་པར་འགྱུར། གུས་པར་བྱས་ཏེ་བྱིན་པས་ནི། གཉེན་ལ་སོགས་པའི་ནང་དུ་གཞན་གྱི
294b3 བཀུར་སྟི་བྱེད་པར་འགྱུར། དུས་སུ་བྱིན་པས་ནི་དེའི་ནོར་རྣམས་དུས་སུ་འགྲུབ་ཅིང་རྒྱས་པར་འགྱུར་འཐུན་པ་དང་ཡིད་དུ་འོང་བ་བྱིན་པས་ནི་མལ་དང་།
294b4 གོས་ལ་སོགས་པ་ལོངས་སྤྱོད་ཡིད་དུ་འོང་བ་རྣམས་ལ་སེམས་འཇུག་པར་འགྱུར།། གཞན་ལ་མི་གནོད་པར་བྱིན་པས་ནི་ལོངས་སྤྱོད་བརྟན་པ་དག་ཐོབ
294b5 བར་འགྱུར། མི་དགའ་བ་དང་དུ་ལེན་པས་ནི། འཁོར་སྙིང་ཉེ་བར་འགྱུར།། ཟས་སྦྱིན་པས་ནི་སྟོབས་དང་ལྡན་པར་འགྱུར།། སྐོམ་བྱིན་པས་ནི་སྐོམ་པ
294b6 མེད་པར་འགྱུར།། གོས་བྱིན་པས་ནི་ཁ་དོག་དང་ལྡན་པར་འགྱུར།། མར་མེ་ས་བྱིན་པས་ནི་མིག་དང་ལྡན་པར་འགྱུར།། རོལ་མོའི་སྒྲ་བྱིན་པས་ནི་རྣ་བ་ཉམས
294b7 བ་མེད་པར་འགྱུར།། བཞོན་པ་བྱིན་པས་ནི་བདེ་བ་དང་ལྡན་པར་འགྱུར། སྨན་བྱིན་པས་ནི་ནད་ཉུང་བར་འགྱུར།། མེ་ཏོག་བྱིན་པས་ནི་གཞན་གྱིས་མཆོད
294b8 བར་འགྱུར། མེ་ཏོག་འཕྲེང་བ་བྱིན་པས་ནི་གཞན་གྱིས་རིམ་འགྲོ་བྱ་བར་འགྱུར། བསྟོད་པ་བྱིན་པས་ནི་ཚངས་པའི་དབྱངས་དང་ལྡན་པར་འགྱུར།