| e-texts navigator |
| Wylie |
294a1 ཤ་དང་ཁྲག་གི་སྦྱིན་པ་ཡིན།
294a2 འཇུག་པར་བྱེད་པར་གྱུར་ཅིག་ཅེས་སྔོན་ལམ་འདེབསོ།། དེ་ལ་ཚིག་ཕྱི་མ་ཡང་ཡོད་དོ།། རྗེ་སྨིན་བདག་ལ་ཅི་ཡོད་ཅེས།། སྙིང་པོ
294a3 མེད་པ་མ་ལུས་ལས།། འགྲོ་ཀུན་སྙིང་པོར་ཐོབ་གྱུར་ཅིག། དེ་ལ་རྐང་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས
294a4 དཔའ་དེ་འདི་སྙམ་དུ་སེམས་ཏེ། རྐང་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་རྡོ་རྗེ་ལྟར་མི་ཤིག་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག
294a5 བླ་དྭགས་ཡིན་གྱིས། བདག་གིས་རྐང་གི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ།། དེ་རྐང་གི་སྦྱིན་པ་བྱིན་པ་དེ་བཞིན་གཤེགས་པས་བསྐྱེད་པའི་སྨོན་ལམ
294a6 བཞིན་དུ་གང་གི་སྦྱིན་པ་འདིས་ན།། བདག་སེམས་ཅན་ཐམས་ཅད་ཀྱི་ལུས་རྡོ་རྗེ་ལྟར་མི་ཤིག་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།།
294a7 དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ། ནང་གི་སྦྱིན་པ་འདིས་ན། བདག་གིས་སེམས་ཅན་ཐམས་ཅད་ཀྱི། རྣག་གི་ལུས་ཀྱི་ཟ་མ་རྟོག། རྡོ་རྗེ་མི་ཤིག་རྫོགས་བྱེད་ཤོག།
294a8 གཞན་ཡང་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ཁ་དོག་ཕུན་སུམ་ཚོགས་པ་བྱིན་པས་ན། ཁ་དོག་དང་ལྡན་པར་འགྱུར་གྱིས།། བདག་གིས
294a9 ཁ་དོག་ཕུན་སུམ་ཚོགས་པ་སྦྱིན་པར་བྱ་གོར་མ་ཆོག་སྙམ་སེམས་ཤིང་། དྲི་ཕུན་སུམ་ཚོགས་པོ་བྱིན་པས་དྲེགས་པའི་དྲི་དང་ལྡན་པར་འགྱུར།། རོ་བྲོ་བ་ཕུན