| e-texts navigator |
| Wylie |
293a1 བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། མགོ་བོ་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས
293a2 བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས་གསུམ་ཐམས་ཅད་ལས་ཁྱེད་དུ་འཕགས་པའི་མཆོག། ཐམས་ཅད་མཁྱེན་པའི་ཡེ་ཤེས་པའི་ཆོག་བླ་དགྲ
293a3 ཡིན་གྱིས། བདག་གི་མགོ་བོ་ཡོངས་སུ་གཏང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ།། དེ་འགོ་བོ་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེས
293a4 པའི་རྐྱེན་དུ་བབ་པའི་སྨོན་ལམ་ཡོངས་སུ་གཏོངས་པའི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་འཇིག་རྟེན་གསུམ་ལས་ཁྱད་པར་དུ་འཕགས་པའི་མཆོག
293a5 ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབ་སོ།། དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ། མགོ་བོ་ཡོངས་སུ་གཏོང་བ་ཡི།། བསོད
293a6 ནམས་བདག་ལ་ཅི་ཡོད་པ།། དེས་ན་སེམས་ཅན་ཀུན་མཁྱེན་གྱི།། གོ་འཕང་མི་གཡོ་ཐོབ་གྱུར་ཅིག། དེ་ལ་ལྤགས་ཤུན་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར
293a7 མངོན་པ་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ལྤགས་ཤུན་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི།
293a8 བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྤགས་པ་འཇམ་ཞིང་སྲབ་ལ་གསེར་གྱི་མདོག་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དགས་ཡིན་གྱིས། བདག་གི