| e-texts navigator |
| Wylie |
292b1 རྣ་བ་དང་སྣ་བཏང་བས།། སྲོག་ཆགས་རྣམས་ནི་ཐམས་ཅད་ཀྱང་།། དབང་པོ་ཀུན་དང་ལྡན་འགྱུར་ཏེ།། ཡན་ལག་ཐམས་ཅད་རྫོགས་པར་ཤོག། རྣ་བ་དང་ནི་སྣ་བཏང
292b2 པས། གང་དང་གང་དུ་སྐྱེས་པ་དེར།། ལྟ་ན་སྡུག་ཅིང་གཟུགས་བཟང་ལ།། མི་དེ་བཞིན་མཛེས་པར་འགྱུར།། དེ་ལ་མིག་གི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར
292b3 བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། མིག་གི་སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་མིག་སྒྲིབ་མེད
292b4 པའི་ཡོངས་སུ་པྲཱའི་ཚིག་བླ་དགས་ཡིན་གྱིས། བདག་གི་མིག་གིས་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ།། དེ་མིག་གིས་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས
292b5 དག་པར་མཛད་པའི་སྨོན་ལམ་བཞིན་དུ་མིག་གི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་མིག་སྒྲིབ་པ་མེད་པར་ཡོངས་སུ་དག་པར་བྱེད་པར་གྱུར་ཅིག་ཅེས
292b6 སྨོན་ལམ་འདེབས་སོ།། དེ་ལ་ཚིག་ཕྱི་མ་ཡང་ཡོད་དོ།། མིག་གིས་སྦྱིན་པ་འདིས་ནི་བདག། བླ་མེད་བྱང་ཆུབ་སངས་རྒྱས་ནས།། སེམས་ཅན་ཀུན་གྱི་ཆོས་ཀྱི་མིག།
292b7 མིག་སྦྱིན་བརྟུལ་ཤུགས་བཟང་པོ་དེས།། དྲི་མ་མེད་ཅིང་སྐྱོན་མེད་ལ།། དག་ཅིང་ཡང་ལ་མཛེས་བཟང་ཡང་། ཞི་བའི་མིག་ནི་ཐོབ་པར་འགྱུར། ཨུད་པ་ལ་སྔོན་པོའི
292b8 འདབ་འདྲ་དང་།། བྱེའུ་ཀུན་ལའི་མིག་འདྲ་ཞིང་།། མིག་གི་རྫི་མ་པའི་འདྲ།། དེའི་མིག་ནི་དེའི་ཐོབ།། དེ་ལ་མགོ་བོ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་མངོན་པར