e-texts navigator
Collection
Volume
Page
Wylie

292a1 ན། བདག་སེམས་ཅན་དམན་པ་དང་། ལོང་བ་དང་བཀྲེན་པ་དང་། མགོན་མེད་པ་དང་། སྡུག་བསྔལ་བ་དང་། དབུལ་པོ་དང་། གནས
292a2 མེད་པ་དང་། སྐྱབས་མེད་པ་དང་། དཔུང་གཉེན་མེད་པ་རྣམས་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་།
292a3 ངན་སོང་ངན་འགྲོའི་ལོག་པར་ལྷུང་བ་དང་། མི་ཁོམ་པ་རྣམས་ལ་ཆོས་ཀྱི་ལག་པ་སྦྱིན་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།། དེ་ལ་ཚིག་ཕྱི་མ་ཡང་ཡོད
292a4 དེ། ལག་འཐིལ་སྦྱིན་པས་མྱུར་དུ་བདག། རྣམ་འདྲེན་ལག་ན་རིན་ཆེན་དང་། ལག་པ་རིད་ནིང་གསེར་མདོག་ལྡན།། འཇིག་རྟེན་མཆོག་གནས་གྱུར་པར་ཤོག
292a5 སྙིང་རྗེ་ནོན་པར་གྱུར་ནས་ནི།། ཆོས་ཀྱི་ལག་པ་བསྟོད་བྱས་ལ།། ངན་སོང་ཀུན་ལས་ལུས་ཅན་རྣམས།། བདག་གིས་རྟག་ཏུ་འབྱིན་པར་ཤོག། དེ་ལ་རྣ་བ་དང
292a6 སྣ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སོས་ཏེ། རྣ་བ་དང་སྣ་ཡོངས་སུ་གཏོང་བ
292a7 སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དགྲས་ཡིན་གྱིས། བདག་གིས་རྣ་བ་དང་སྣ་ཡོངས་སུ
292a8 གཏོང་བའི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་དབང་པོ་ཐམས་ཅད་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ།




iiif viewer powered by OpenSeadragon

291b - 292b

Texts on this page

F324 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo