| e-texts navigator |
| Wylie |
291b1 པ་འཁོར་ལོའི་རྙིངས་སྟོང་པའི་མཚན་གྱིས་སྦས་མ། སོར་མོ་རིང་ཞིང་ནང་བལྟར་དྲ་བ་འབྲེལ་པ་དང་། སེན་མོ་མེ་ལོང་བཟང་པོ་དག་པར་བྱིས་པ་ལྟ་ཁྲུས
291b2 བརྒྱན་ཏེ། མེ་ཏོག་ཀུན་ད་ལྟར་འདུག་པ་དང་། ལོང་བུ་མི་མངོན་པ་དང་། རྗེ་ངར་སྨིག་མ་དང་། རི་དགས་ཨེ་ནའི་བྱིན་པ་འདྲ་བའི་ཡ་མཚན་སྟོབས་ཀྱིས
291b3 དྲལ་བུས་དྲལ་ནས། བྱང་ཆུབ་ཀྱི་སྙིང་པོའི་གླདྲན་རྡོ་རྗེའི་སྟེགས་བུ་གདུན། ཆོས་ཀྱི་སེང་གེ་ཁྲི་ལ་བདུད་རྣམ་པར་གཞོམ་པའི་ཕྱིར་ཤིན་ཏུ་གནོན་པར་གྱུར་ཅིག།
291b4 དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ། རྐང་པ་བྱིན་པ་འདི་ཡིས་ནི། རྐང་མཐིལ་འཁོར་ལོའི་མཚན་ཅན་གྱིས།། བྱང་ཆུབ་སྙིང་པོའི་གདན་བཟངས་ལ།། བརྟན་པོས་ཤིན་ཏུ
291b5 གནོན་པར་ཤོག། རྐང་པ་བྱིན་པ་འདིས་ན་བདག། བྱང་ཆུབ་སྙིང་པོའི་གདན་མཆོག་ལ།། འདུག་ནས་བདུད་རྣམས་སྡེ་དང་དཔུང་།། བཞོན་དང་བཅས་པར་འདུལ
291b6 བར་ཤོག། དེ་ལ་ལག་འཐིལ་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ལག་འཐིལ་སྦྱིན
291b7 པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ལག་པ་སྦྱིན་པའི་ཚིག་བླ་དགས་ཡིན་གྱིས། བདག་གིས་ལག་འཐིལ་སྦྱིན་པ
291b8 བྱིན་པར་བྱ་གོར་མ་ཆག་སྙམ་མོ།། དེ་ལག་འཐིལ་གྱི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་རྣམ་པར་མཁྱེན་པའི་སྨོན་ལམ་བཞིན་དུ་ལག་འཐིལ་སྦྱིན་པོ་འདིས