| e-texts navigator |
| Wylie |
291a1 ནི་བདག་ལ་ཅི་ཡོད་པ།། དེས་ནི་འདིར་ནི་སེམས་ཅན་ཐམས་ཅད་ཀྱིས།། སྤྱི་གཙུག་ལྟར་མེད་རྟག་ཏུ་ཐོབ་གྱུར་ཅིག། གཙུག
291a2 གི་ནོར་བུ་བྱིན་དེས་བདག། ནྱ་གྲོ་ད་ལྟར་ཆུ་ཞེང་གཔ།། གསེར་དང་ནོར་བུ་བྱས་པ་ཡི།། གཙུག་ཏོར་ཕུན་སུམ་ཚོགས་པར་ཤོག། དེ་ལ་རྐང་པ་སྦྱིན་པ་ལ
291a3 ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། རྐང་པ་སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས
291a4 དཔའ་རྣམས་ཀྱི་ཆོས་ཀྱི་རྐང་པ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་བླ་དགས་ཡིན་གྱིས། བདག་གིས་རྐང་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ།། རྐང་པ་སྦྱིན་པ
291a5 བྱིན་པ་ནི་དེ་བཞིན་གཤེགས་པས་བརྙེས་པའི་སྨོན་ལམ་བཞིན་དུ་རྐང་པ་བྱིན་པ་འདིས་ནི། མི་རྣམས་དང་སེམས་ཅན་ཐམས་ཅད་རྟག་ཏུ་མྱུར་བར་ཁྱིམ་ནས
291a6 མངོན་པར་བྱུང་ནས། སྐྱེ་བ་དང་རྒ་བ་དང་ན་བ་དང་། འཆི་བའི་གནས་པ་ནི་བར་བྱ་བའི་དོན་གྱི་ཕྱིར་འདོད་པ་བཞིན་དུ་བག་བརྐྱང་ནས། རབ་ཏུ་རྒ་ཞིང་དབང
291a7 ཞི་ལ་སྐྱབས་སུ་འོས་པའི་འོད་ལྟར་གཟུགས་ཞི་བ།། སྣང་བྱེད་ཉི་མ་སྣ་ཚོགས་གཟི་བརྗིད་ལྟར་སྙིང་རྗེ་ལས་བྱུང་བའི་འོད་ཟེར་འཕྲོ་བས་མཚམས་མེད་པ་ཡན
291a8 ཆད་མུན་པར་ཞུགས་པས། ཉམས་ཐག་པའི་མི་རྣམས་ཀྱི་མུན་པ་སྣང་བར་བྱས་ནས། ལུས་རབ་ཏུ་ཚ་བའི་སྡུག་བསྔལ་རྣམས་སེལ་ཅིང་། པད་མའི་རྐང