e-texts navigator
Collection
Volume
Page
Wylie

290b1 གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། གླིང་བནི་རིལ་གྱིས་བཏང་བ་འདི་དག་ལ།། བདག་གིས་བསོད་ནམས་ཅུང་ཟད་ཅི་སྒྲུབས་པ།
290b2 དེ་ནས་མི་རྣམས་འདི་དག་དམ་ཆོས་ཀྱི།། རྒྱལ་སྲིད་ཐོབ་པའི་མཐའ་ནི་ཐོབ་གྱུར་ཅིག། འཛམ་བུའི་གླིང་ནི་བྱིན་པ་ཡིས།། རིན་ཆེན་སྣ་བདུན་ལྡན་པ་ཡིས།། རྒྱལ
290b3 པོ་གླིང་བཞི་དབང་བྱེད་པ། དབང་ཕྱུག་རྣམ་པར་རྒྱལ་བར་འགྱུར། དེ་ལ་གཙུག་གི་ནོར་བུ་དང་།། གཅོད་པན་ཡོངས་སུ་གཏོང་བའི་སྦྱིན་པ་ལ་མངོན་པར་བརྩོན
290b4 པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་ངྒེ་འདི་སྙམ་དུ་སེམས་ཏེ། གཙུག་གི་ནོར་བུ་དང་། གཅོད་པན་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ
290b5 དེ་ནི། བྱང་ཆུབ་སེཾས་དཔའ་རྣམས་ཀྱི་སྤྱི་གཙུག་ལྟར་མི་མཐོང་བར་འགྱུར་བའི་ཚིག་བླ་དགས་ཡིན་གྱིས། བདག་གི་གཙུགི་ནོར་བུ་དང་། གཅོད་པན་ཡོངས་སུ
290b6 གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ།། དེ་གཙུག་གི་ནོར་བུ་དང་། གཅོད་པན་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པ་དེ་བཞིན་གཤེགས་པ
290b7 གསུངས་པའི་སྔོན་ལམ་བཞིན་དུ་གཙུག་གི་ནོར་བུ་དང་། གཅོད་པན་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ནཱ། བདག་སེམས་ཅན་ཐམས་ཅད་སྤྱི་གཙུག་ལྟར་མི
290b8 མཐོང་བ་ཐོབ་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། མགོ་བོའི་ནོར་བུའི་གཅོད་པན་བྱིན་པ་ཡི། བསོད་ནམས་ཚོགས




iiif viewer powered by OpenSeadragon

290a - 291a

Texts on this page

F324 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo