e-texts navigator
Collection
Volume
Page
Wylie

290a1 རྒྱལ་པོའི་མཛོད་ལྟར་མྱུར་དུ་རྒྱས་གྱུར་ཅིག། ནོར་དང་འབྲུ་དང་བང་མཛོད་བུད་མེད་རྣམས།། གཏོང་བའི་བསོད་ནམས་བདག
290a2 ལ་ཅི་ཡོད་པ།། དེས་ན་བདག་གིས་བྱང་ཆུབ་མྱུར་ཐོབ་ཅིང་།། དམ་པའི་ཆོས་ཀྱི་མཛོད་ནི་ཤེས་པར་ཤོག། དེ་ལ་གླིང་བཞི་པ་དང་། འཛམ་བུའི་གླིང་དང་།
290a3 རྒྱལ་སྲིད་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་ལ་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ
290a4 སེམས་ཏེ། གླིང་བཞི་དང་། འཛམ་བུའི་གླིང་དང་། རྒྱལ་སྲིད་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔ
290a5 རྣམས་ཀྱི་དམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ཐོབ་པར་འགྱུར་བའི་ཚིག་བླ་དགས་ཡིན་གྱིས། བདག་གིས་གླིང་བཞི་དང་། འཛམ་བུའི་གླིང་དང་། རྒྱལ
290a6 སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པ་གོར་མ་ཆག་སྙམ་མོ།། དེ་གླིང་བཞི་དང་། འཛམ་བུའི་གླིང་དང་། རྒྱལ་སྲིད་ཀྱི་དབང་ཕྱུག
290a7 ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱིན་པ་ན། དེ་བཞིན་གཤེགས་པས་བསྟན་པའི་སྨོན་ལམ་བཞིན་དུ་གླིང་བཞི་དང་། འཛམ་བུའི་གླིང་དང་། རྒྱལ
290a8 སྲིད་ཀྱི་དབང་ཕྱུང་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་དམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ཐོབ་པར




iiif viewer powered by OpenSeadragon

289b - 290b

Texts on this page

F324 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo