| e-texts navigator |
| Wylie |
289b1 བདག་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པའི་རྒྱུར་གྱུར་ཅིག་ཅེས་སྨོན་ལམ
289b2 འདེབས་སོ།། དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ།། བུའི་སྦྱིན་པ་དེས་ནི་མྱུར་བར་ཡང་།། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡི།། བྱང་ཆུབ་དམ་པ་འཚང་རྒྱ
289b3 བྱེད་པར་ཤོག། ཆུང་མ་དང་བུ་མོ་གཏོང་བར་བྱེད།། དེ་ལ་བྱང་ཆུབ་ཟག་མེད་དཀྲའ་བ་མེད།། བརྩོན་འགྲུས་ལྡན་པའི་མི་ནི་གང་ལ་ཡང་།། དཀའ་བ་ཙི་ས
289b4 མེད་པར་ལྟ་བར་བྱ། དེ་ལ་ནོར་དང་འབྲུ་དང་། མཛོད་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས
289b5 དཔའ་དེ་འདི་སྙམ་དུ་སེམས་ཏེ། ནོར་དང་འབྲུ་དང་། བང་མཛོད་ཡོངས་སུ་གཏོང་བའི་སྦྱིན་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ།། དེ་ནོར་དང་འབྲུ་དང་། བང
289b6 མཛོད་ཡོངས་སུ་གཏོང་བའི་སྦྱིན་པ་དེ་བྱི་བ་ནི། དེ་བཞིན་གཤེགས་པས་གསུང་པའི་སྨོན་ལམ་བཞིན་དུ། ནོར་དང་འབྲུ་དང་བང་མཛོད་ཡོངས་སུ་གཏོང་བའི
289b7 སྦྱིན་པ་འདིས་ན། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་མཛོད་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།། དེ་ལ་འདི
289b8 སྐད་ཅེས་བྱ་སྟེ། ནོར་དང་དབྱིག་རྣམས་གཏོང་བའི་བསོད་ནམས་ནི། མཁའ་ལས་ལྷག་པ་བདག་ལ་ཅི་ཡོད་པས། མི་རྣམས་རྒྱུད་ནི་དམ་པའི་ཆོས་མཛོད་ཀྱི།