| e-texts navigator |
| Wylie |
289a1 ཚལ་དང་། གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་ཀྱི་བསམ་གཏན་གྱི་ཡན
289a2 ལག་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།། དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ། ལྷ་ཁང་བསྐྱེད་མོས་ཚལ་བྱིན་པས། བདག་གིས་སེམས་ཅན
289a3 ཐམས་ཅད་ཀྱི།། བས་གཏན་ཡན་ལག་རིམ་བཞིན་དུ། ཡོངས་སུ་རྫོགས་པར་བྱེད་པར་ཤོག། ལྷ་ཁང་བསྐྱེད་མོས་ཚལ་བྱིན་པས།། རྣལ་འབྱོར་ཅན་གྱི
289a4 མི་དེ་ལ། བསམ་གཏན་ཡན་ལག་ཡོངས་རྫོགས་ཤིང་།། རྣལ་འབྱོར་སྤྱོད་པ་དཀའ་ཐུབ་ཆེ། དེ་ལ་རླུཆུང་མ་དང་བུ་དང་བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མཛེ
289a5 པར་བརྩོན་པར་བྱེད་ཅེས་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ཆུང་མ་དང་བུ་དང་བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས
289a6 བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཚིག་བླ་དགས་ཡིན
289a7 གྱིས། བདག་གིས་ཆུང་མ་དང་བུ་དང་། བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པར་བྱ་གོར་མ་ཆག་སྙམ་མོ།། དེ་ཆུང་མ་དང་། བུ་དང་། བུ་མོ་ཡོངས་སུ་གཏོང
289a8 བའི་སྦྱིན་པ་བྱིན་པ་ན། དེ་བཞིན་གཤེགས་པས་བསྙེན་བཀུར་མཛད་པའི་སྨོན་ལམ་བཞིན་དུ་ཆུང་མ་དང་། བུ་དང་བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན།