| e-texts navigator |
| Wylie |
288a1 དང་། དངུལ་གྱི་ཁ་དོག་ལྟ་བུས་སྣང་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།། དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ། རིན་ཆེན་བྱིན་པ་དེས་ནཱ
288a2 བདག། འོད་ཟེར་སྣ་ཚོགས་སྣང་བ་ཡིས།། སངས་རྒྱས་དྲང་སྲོང་ཆེ་རྣམས་པའི།། ཞིང་རྣམས་ཐམས་ཅད་སྣང་བྱེད་ཤོག། རིན་ཆེན་སྣ་ཚོགས་བྱིན་པ་ཡིས།།
288a3 ངེས་པ་གང་དྲང་གར་སྐྱེ་བ།། འཇིག་རྟེན་མཚམས་མེད་ཡན་ཆད་དུ།། དེས་ནི་འོད་ཟེར་སྣང་བར་བྱེད།། དེ་ལ་རྟ་དང་གླང་པོ་ཆེ་དང་ཤིང་རྟའི་བཞོན་པ་ཡོངས་སུ
288a4 གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ་རྟ་དང་གླང་པོ་ཆེ་དང་།
288a5 ཤིང་རྟའི་བཞོན་པ་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་དང་། ཐེག་པ་མཆོག་དང་། ཐེག
288a6 པ་མི་མཉམ་པ་དང་མཉམ་པ་དང་། སངས་རྒྱས་ཀྱི་ཐོག་པ་བླ་ན་མེད་པ་གཙོ་བོ་དམ་པ་རབ་ཏུ་མཆོག། བསྡུད་པའི་ཚིག་བླ་དགས་ཡིན་གྱིས། བདག
288a7 གིས་རྟ་དང་གླང་པོ་ཆེ་དང་། ཤཱིང་རྟའི་བཞོན་པ་ཡོངས་སུ་གཏོང་བའི་སྦྱིན་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ།། དེ་རྩཝ་དང་གླང་པོ་ཆེ་དང་ཤིང་རྟའི
288a8 བཞོན་པ་ཡོངས་སུ་གཏོང་བའི་སྦྱིན་པ་བྱིན་པ་ན། དེ་བཞིན་གཤེགས་པཱ་གསུངས་ཤིང་བསྒོམས་པའི་སྨོན་ལམ་བཞིན་དུ། རྟ་དང་གླང་པོ་ཆེ་དང་། ཤིང