| e-texts navigator |
| Wylie |
138a1 ཇི་ལྟར་མོས། སྨྲས་པ། འཇམ་དཔལ་ཆོས་གང་ལ་སྐྱེ་བ་འམ། འགག་པ་འམ། ཕུང་པོར་འདུག་ཏེ་མི་དམིགས་ཏེ།
138a2 དེ་ལྟར་མོས་སོ།། སྨྲས་པ། བཙུན་པ་ཤ་རིའི་བུ་ཁྱོད་ཤེས་རབ་གང་ཡིན་པ་དེ་ཆོས་ཀྱི་དབྱིངས་ཡིན་ལ། ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ཤེས་རབ་ཡིན་ཏེ།
138a3 ཆོས་དབྱིངས་ཤེས་བྱ་བའི་མིང་ཡང་ཐོབ་པ་དང་། དེའི་ཕྱིར་དགྲ་བཅོམ་པ་ཞེས་བྱ་བར་མོས་སམ། སྨྲས་པ། མོས་སོ།། སྨྲས་པ། ཇི་ལྟར་མོས། སྨྲས་པ།
138a4 འཇམ་དཔལ་རྟོགས་པར་འགྱུར་བའི་ཤེས་རབ་ཀྱིས་དགྲ་བཅོམ་པ་ཉིད་དུ་འགྱུར་བ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པར་ཟད་ཀྱི། ཆོས་ཀྱི་དབྱིངས་ནི
138a5 འདོད་ཆགས་ཀྱི་བདག་ཉིད་དམ། ཞེ་སྡང་གི་བདག་ཉིད་དམ། གཏི་མུག་གི་བདག་ཉིད་ཀྱང་མ་ཡིན་ལ། ཆོས་ཀྱི་དབྱིངས་ལས་ཀྱང་དགྲ་བཅོམ་པ་གུད་ན་མེད་དེ།
138a6 དེ་ལྟར་མོས་སོ།། སྨྲས་པ། བཙུན་པ་ཤ་རིའི་བུ་ཁྱོད་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཁྱུ་མཆོག་དང་མཉམ་པར་མོས་སམ། སྨྲས་པ། མོས་སོ།། སྨྲས་པ།
138a7 ཇི་ལྟར་མོས། སྨྲས་པ། འཇམ་དཔལ་འདི་ལྟར་བཅོམ་ལྡན་འདས་ཀྱིས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པར་མངོན་པར་རྫོགས་པར་སངས་རྒྱས
138a8 ཏེ། དེ་ལྟར་མོས་སོ།། སྨྲས་པ། བཙུན་པ་ཤ་རིའི་བུ་ཁྱོད་ཀྱི་ཡུལ་ཇི་ཙམ་དུ་ཁྱོད་ཀྱིས་ལན་བཏབ་པ་ལེགས་སོ།། ལེགས་སོ།། དེ་ཙམ་ཞིག་ཁྱོད་ལ