e-texts navigator
Collection
Volume
Page
Wylie

204b1 ཡོངས་སུ་གདུང་བར་བྱེད་པའི་སྦྱིན་པ་མེད་དོ།། ཕྱིས་མི་དགའ་བའི་སྦྱིན་པ་མེད་དོ།། འགྱོད་པའི་སྦྱིན་པ་མེད་དོ།། གནོད་པའི་སྦྱིན་པ་མེད་དོ།། གཞན་གྱི་རེ
204b2 བ་ལ་བབ་པའི་སྦྱིན་པ་མེད་དོ།། སྨད་པར་སྦྱིན་པ་མེད་དོ།། ལས་ཀྱི་རྣམ་པར་སྨིན་པ་ལ་རེ་བ་མེད་པའི་སྦྱིན་པ་མེད་དོ།། དཔགས་ཏེ་སྦྱིན་པ་མེད་དོ།། ཁྲོ་བ་དང་།
204b3 ཞེ་སྡང་དང་། གཏི་མུག་དང་། གནོད་སེམས་བསྐྱེད་པའི་སྦྱིན་པ་དང་། སློང་བ་ལ་གནོད་པའི་སྦྱིན་པ་མེད་དོ།། འཕྱ་བ་དང་གཞད་གད་ཏུ་བྱས་ཏེ་སྦྱིན་པ་མེད་དོ།།
204b4 ཕྱིན་ཕྱོགས་སུ་སྦྱིན་པ་མེད་དེ།། བསྒྱུར་ཏེ་སྦྱིན་པ་མེད་དོ།། ཏི་སྟང་དུ་མ་བྱས་པའི་སྦྱིན་པ་མེད་དོ།། བདག་གི་ལག་མ་བདར་བར་སྦྱིན་པ་མེད་དོ།། མི་རྟག་པའི་སྦྱིན
204b5 པ་མེད་དོ།། ཤིན་ཏུ་མ་བྱང་བའི་སྦྱིན་པ་མེད་དོ།། གཞན་ལ་སྙོགས་པའི་སྦྱིན་པ་མེད་དོ།། ཡོངས་སུ་ཆད་པར་བྱས་ཏེ་སྦྱིན་པ་མེད་དོ།། ཇི་ལྟར་སྟབས་པ་ལས་ཆུང་བའི
204b6 སྦྱིན་པ་མེད་དོ།། སྤྲོ་བ་ལས་མི་སྤྲོ་བར་གྱུར་པའི་སྦྱིན་པ་མེད་དོ།། སེམས་ཅན་ཞིང་གང་ཡིན་ཞེས་སྦྱིན་པ་མེད་དོ།། ཆུང་ངུ་ལ་བརྙས་ཤིང་སྦྱིན་པ་མེད་དོ།། སྦྱིན
204b7 པ་རྒྱ་ཆེན་པོ་ལ་བསྙེམས་ཤིང་སྦྱིན་པ་མེད་དོ།། ལོག་པའི་ནན་ཏན་གྱིས་སྦྱིན་པ་མེད་དོ།། སྐྱེ་བར་མོས་ཤིང་སྦྱིན་པ་མེད་དོ།། གཟུགས་དང་། ལོངས་སྤྱོད་དང་།
204b8 དབང་ལ་མངོན་པར་དགའ་བས་སྦྱིན་པ་མེད་དོ།། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྦྱོང་བ་དང་། ལྷ་ཐམས་ཅད་དུ་སྐྱེ་བར་སྨོན་ཅིང་སྦྱིན་པ་མེད་དོ།། ཉན




iiif viewer powered by OpenSeadragon

204a - 205a

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo