e-texts navigator
Collection
Volume
Page
Wylie

204a1 རྣརྫསམཐུན་པའི་ལོངས་སྤྱོད་ཡོངས་སུ་ཚོལ་བའི་སྦྱིན་པ་མེད་དོ།། སེམས་ཅན་ལ་གནོད་པའི་སྦྱིན་པ་མེད་དོ།། ང་རྒྱལ་བསྐྱེད་ཅིང་སྦྱིན་པ
204a2 མེད་པའོ།། འཇིགས་པ་དང་། སྐྲག་པ་དང་། ངོ་ཚ་བ་སྦྱིན་པ་མེད་དོ།། འགྲོན་དུ་གཉེར་ཏེ་ཡོངས་སུ་མི་གཏོང་བའི་སྦྱིན་པ་མེད་དོ།། ཇི་སྐད་སྨྲས་པ་ལས
204a3 ཆུང་བའི་སྦྱིན་པ་མེད་དོ།། བཟང་པོ་ཡོད་པ་ལ་བཟང་པོ་མ་ཡིན་པའི་སྦྱིན་པ་མེད་དོ།། སྙིང་ཐག་པ་ནས་མ་ཡིན་པའི་སྦྱིན་པ་མེད་དོ།། གཡོ་དང་རྒྱུས
204a4 སྦྱིན་པ་མེད་དོ།། ལས་ཀྱི་རྣམ་པར་སྨིན་པ་ལ་འཆབ་པའི་སྦྱིན་པ་མེད་དོ།། ལོག་པའི་བསམ་པས་སྦྱིན་པ་མེད་དོ།། གཏི་མུག་གི་བསམ་པས་སྦྱིན་པ་མེད་དོ།།
204a5 སྣརེལ་བཞིའི་བསམ་པས་སྦྱིན་པ་མེད་དོ།། ཕྱིན་ཅི་ལོག་གི་བསམ་པས་སྦྱིན་པ་མེད་དོ།། མ་དད་པར་སྦྱིན་པ་མེད་དོ།། མི་དགའ་བར་སྦྱིན་པ་མེད་དོ།། གནས
204a6 པའི་སྦྱིན་པ་མེད་དོ།། དོར་བལྟས་པའི་སྦྱིན་པ་མེད་དོ།། སེམས་ཅན་ཐམས་ཅད་སྦྱིན་པའོ།། སྦྱིན་པའི་གནས་འདམ་ཞིང་སྦྱིན་པ་མེད་དོ།། སེམས་ཅན་ཐམས
204a7 ཅད་ལ་སྦྱིན་པའི་གནས་མ་ཡིན་བསྙེས་ཤིང་སྦྱིན་པ་མེད་དོ།། ཚུལ་ཁྲིམས་དང་ལྡན་པ་དང་། ངན་པའི་ངང་ཚུལ་ཅན་ལ་བསྟོད་པ་དང་སྨད་པའི་སྦྱིན་པ་མེད་དོ།།
204a8 ལན་རེ་བའི་སྦྱིན་པ་མེད་དོ།། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པའི་ཕྱིར་སྦྱིན་པ་མེད་དོ།། བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པའི་སྦྱིན་པ་མེད་དོ།།




iiif viewer powered by OpenSeadragon

203b - 204b

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo