e-texts navigator
Collection
Volume
Page
Wylie

203b1 དམ་པའི་ཆོས་ཀྱི་རྐང་པས་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྐང་པ་སྦྱིན་པའོ།། སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས
203b2 ཀྱི་ལག་པ་སྦྱིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་འཐིལ་སྦྱིན་པའོ།། དབང་པོ་མ་ཉམས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས
203b3 ཀྱི་རྣ་བ་དང་སྣ་སྦྱིན་པའོ།། སེམས་ཅན་ཐམས་ཅད་སྒྲིབས་པ་མེད་པའི་སངས་རྒྱས་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་ཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམ
203b4 ཀྱི་མིག་སྦྱིན་པའོ།། ཁམས་གསུམ་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པའི་མཆོག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ
203b5 སེམས་དཔའ་རྣམས་ཀྱི་ཡན་ལག་གི་དམ་པ་མགོ་སྦྱིན་པའོ།། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་ཞིང་ཉེ་བར་འཚེ་བའི་ཕྱིར། བྱང་ཆུབ་སེམས་དཔའ
203b6 རྣམས་ཀྱི་ཤ་དང་། ཁྲག་ཡོངས་སུ་གཏོང་བའི་སྦྱིན་པའོ།། འཇམ་པ་དང་། སྣུམ་པ་དང་། མདོག་གསེར་གྱི་ཁ་དོག་ལྟ་བུ་ཡོངས་སུ་དག་པར་བྱ་བའི་ཕྱིར།
203b7 བྱང་ཆུབ་སེམས་དཔའ་རྣམས་ཀྱི་པགས་པས་ཡོངས་སུ་གཏོང་བའི་སྦྱིན་པའོ།། སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལྟར་མི་ཤིགས་ཤིང་སྲ་བ་དང་མཐུ་བོ་ཆེ་ལྟར་འཕྲད་པ་ཐོབ
203b8 ཁར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རུས་པ་དང་རྐང་སྦྱིན་པའོ།། གཞན་ཡང་བཙུན་པ་ཤ་ར་ད་བ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ལ་མི




iiif viewer powered by OpenSeadragon

203a - 204a

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo