| e-texts navigator |
| Wylie |
203a1 བློ་ཟོས། @#སེམས་དཔའ་རྣམས་ཀྱི་རྟ་དང་། བ་གླང་དང་། ཤིང་རྟ་དང་། དཔུང་བུ་ཆུང་གཞོན་པ་སྦྱིན་པའོ།། བསམ་གཏན་གྱི་ཡན་ལག་དང་།
203a2 ཡན་ལག་གི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟའ་ཤིང་གི་ར་བ་དང་། གཞལ་མེད་ཁང་དང་། དཀའ་ཐུབ་ཀྱི་ནགས་ཚལ་དང་།
203a3 གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པའོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དག་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར། བྱང་ཆུབ་སེམས
203a4 དཔའ་རྣམས་ཀྱི་བུ་ཕོ་དང་བུ་མོ་དང་། ཆུང་མ་དང་། སྡུག་པ་ཡོངས་སུ་གཏོང་བའི་སྦྱིན་པའོ།། དམ་པའི་ཆོས་ཀྱི་མཛོད་དང་བང་བ་ཀུན་གང་བའི་ཕྱིར།
203a5 བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་དང་། འབྲུ་དང་། མཛོད་དང་། བང་བ་ཡོངས་སུ་གཏོང་བའི་སྦྱིན་པའོ།། རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་དམ
203a6 པའི་ཆོས་ཀྱི་རྒྱལ་པོ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། གྲོང་བརྡལ་དང་། ཡུལ་དང་།
203a7 ཕོ་བྲང་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། འཛམ་བུ་གླིང་དང་། གླིང་བཞི་པའི་རྒྱལ་པོའི་སྲིད་དང་། སྐྱིད་པ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པའོ།།
203a8 ཆོས་ཀྱི་དགའ་བ་དང་། མོས་པ་དང་དེ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེ་བ་དང་། དགའ་བའི་རྩེད་མོ་ཐམས་ཅད་གཏོང་བའི་སྦྱིན་པ