e-texts navigator
Collection
Volume
Page
Wylie

202b1 འཕགས་པ་དང་འཕྲུལ་དང་ཚངས་པའི་གནས་དེ་བཞིན་གཤེགས་པའི་གཟིམས་ཆ་ཐོབ་པའི་ཕྱིར། མལ་ཆ་འདོད་པ་རྣམས་ལ་མལ་ཆ་སྦྱིན་པའོ།། སྟོང་གསུམ
202b2 གྱི་སྟོང་ཆེན་པོའི་ས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར་བྱ་བའི་ཕྱིར། སྟན་འདོད་པ་རྣམས་ལ་སྟན་སྦྱིན་པའོ།། བྱང་ཆུབ་ཀྱི་ཡོ་བྱད་ཐམས་ཅད
202b3 ཡོངས་སུ་བསྐངས་པའི་ཕྱིར། ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་སྦྱིན་པའོ།། མི་རྒ་མི་འཆི་བའི་བདུདང་རྩིའི་བདེ་བ་ཡོངས་སུ་བསྐངས་པའི་ཕྱིར་ན་བ་དང་སྨན་འདོད
202b4 པ་རྣམས་ལ་སྨན་སྦྱིན་པའོ།། རང་དབང་དང་རང་ཉམས་དང་རང་འབྱུང་བའི་ཡེ་ཤེས་ཡོངས་སུ་བསྐངས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་པོ
202b5 དང་བྲན་མོ་ཡོངས་སུ་གཏོང་བ་སྦྱིན་པའོ།། སྐྱེས་བུ་ཆེན་པོའི་མཚན་དམ་པ་སུམ་བཅུ་རྩ་གཉིས་ཡོངས་སུ་བསྐངས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམ
202b6 ཀྱི་གསེར་དང་དངུལ་དང་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། མན་ཤེལ་དང་། བྱེ་རུ་དང་། རིན་པོ་ཆེ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པའོ།།
202b7 དཔེ་བྱད་བཟང་པོ་བརྒྱད་བཅུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྒྱན་སྣ་ཚོགས་སྦྱིན་པའོ།། གཙུག་གཏོར་ལྟར་མི་མངོན་པ
202b8 ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙུག་གི་ནོར་བུ་དང་ཅོད་པན་སྦྱིན་པའོ།། ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ




iiif viewer powered by OpenSeadragon

202a - 203a

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo