e-texts navigator
Collection
Volume
Page
Wylie

201b1 ཆོག་ཤེས་པས་ན་བཞོག་སློངས་མེད་པའོ།། སེམས་ཉོན་མོངས་པས་ན་ལུས་སུ་རུང་བའོ།། དགེ་བའི་རྩ་བ་དང་ཚོགས་ཐམས་ཅད་བསགས་པས་ན་འཁོར་བ་ནི
201b2 བཞག་པའོ།། སེམས་ཅན་ཐམས་ཅད་ལྟ་བས་ན་སྡུག་བསྔལ་ཐམས་ཅད་ལ་མི་འཇེད་པའོ།། དེའི་ཕྱིར་ན་སྐྱེས་བུ་དམ་པ་དེ་དག་གི་ལྷག་པའི་བསམ་པ་ཐམས
201b3 ཅད་མི་ཟད་པ་ཡིན་ཏེ། བསོད་ནམས་ཐམས་ཅད་ཀྱིས་ངེས་པར་བརྟན་པ་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་དང་། ཡེ་ཤེས་མི་ཟད་པའི་ཡང་དག་པར
201b4 བསྒྲུབ་པའི་ཕྱིར། འཁོར་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཟད་པར་མི་ནུས་སོ།། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི
201b5 བསམ་པ་མི་ཟད་པའོ།། དེ་ནས་ཚེ་དང་ལྡན་པ་ཤ་ར་ད་ཏིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་བྱང་ཆུབ
201b6 སེམས་དཔའ་རྣམས་ཀྱི་མི་ཟད་པ་གཞན་ལ་ལ་ཡོད་དམ། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་ར་ད་ཏིའི་བུ་ཡོད་དོ།། བྱང་ཆུབ་སེམས་དཔའ་རྣམས
201b7 ཀྱི་སྦྱིན་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པའི་ཕྱིར་རོ།། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡོངས་སུ་སྦྱང
201b8 བ་ཡང་ཚད་མེད་པ་སྟེ། ཚེ་དང་སྤོབས་པ་དང་། བདེ་བ་དང་། སྟོབས་དང་། ཁ་དོག་ཉེ་བར་བརྟན་པའི་ཕྱིར་ཟས་འདོད་པ་རྣམས་ལ་ཟས་སྦྱིན་ནོ།། ཉོན་མོངས




iiif viewer powered by OpenSeadragon

201a - 202a

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo