| e-texts navigator |
| Wylie |
201a1 བློ་ཟས། འཕགས་པ་མ་ཡིན་པ་ལ་སྙིང་རྗེ་བའོ།། བླ་མ་ལ་རིམ་གྲོ་བྱེད་པའོ།། དཔུང་གཉེན་མེད་པ་རྣམས་ལ་དཔུང་གཉེན་ནོ།། སྐྱབས
201a2 མེད་པ་རྣམས་ལ་སྐྱབས་སོ།། གླིང་མེད་པ་རྣམས་ལ་གླིང་ངོ་།། མགོན་མེད་པ་རྣམས་ལ་མགོན། གྲོགས་མེད་པ་རྣམས་ལ་གྲོགས་སོ།། གྱ་གྱུ་ཅན་རྣམས
201a3 ལ་དྲང་བའོ།། དམུ་རྒོད་རྣམས་ལ་གསལ་བའོ།། གཡོ་ཅན་རྣམས་ལ་གཡོ་བ་མེད་པའོ།། སྒྱུ་ཅན་རྣམས་ལ་སྒྱུ་མེད་པའོ།། བྱས་པ་མི་གཟོ་བ་རྣམས
201a4 ལ་བྱས་པ་གཟོ་བའོ།། འཁོར་བ་རྣམས་ལ་བྱས་པ་ཚོར་བའོ།། མི་ངན་པ་རྣམས་ལ་ཕན་བདག་པའོ།། ལོག་པར་གྱུར་པ་ལ་བདེན་པའོ།། པོ
201a5 ཐེག་ཅན་ལ་ང་རྒྱལ་མེད་པའོ།། ལེགས་པར་བྱས་པ་རྣམས་ལ་མི་སྣོད་པའོ།། གཞན་གྱི་འཕྲུལ་པ་ལ་མི་བརྩོད་པའོ།། ལོག་པར་ཞུགས་པ་རྣམས་ལ་ཀུན
201a6 བསྲུང་བའོ།། ཐབས་ཀྱི་དགེ་བའི་སྤྱོད་པ་ཐམས་ཅད་ལ་ཉེས་པར་མི་བལྟའོ།། སྦྱིན་གནས་རྣམས་ལ་རིམ་གྲོ་བྱེད་པའོ།། བསྟན་པ་ལ་མཐུན་པར་འཛིན་པའོ།།
201a7 བསྟན་པ་དང་གདམས་པ་ལ་དཀའ་བློ་བདེ་བའོ།། དགོན་པར་གནས་པ་ལ་གུས་པར་བྱེད་པའོ།། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་མི་འདོད་པའོ།།
201a8 ལུས་དང་སྲོག་ལ་མི་ལྟ་བའི་ལྷག་པའི་བསམ་པ་དག་པས་ནི་ཚུལ་འཆོས་པ་མེད་པའོ།། ངག་བསྡམས་པས་ན་ཁ་གསགས་མེད་པའོ།། བདག་གི་རྙེད་པས