e-texts navigator
Collection
Volume
Page
Wylie

200a1 @#ཏུ་འཕགས་པས་ན་རྩེ་མོར་ལྷག་པའི་བསམ་པའོ།། བྱེ་བྲག་གི་ཆོས་ཀུན་འཛིན་པས་ན། བྱེ་བྲག་ཏུ་འཕགས་པའི་ལྷག་པའི
200a2 བསམ་པའོ།། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་སུམ་པའི་ལྷག་པའི་བསམ་པའོ།། བྱེ་བྲག་ཏུ་བསྟན་པའི་ཆོས་རྣམས་ལ་ལྷག་པར་དམིགས
200a3 པའི་བསམ་པའོ།། བཅོམ་པ་ཐམས་ཅད་ལས་སྒྲོལ་བའི་ལྷག་པའི་བསམ་པའོ།། འབད་པས་ཡོངས་སུ་མི་སྐྱོ་བས་ན། གནོན་མི་ཟ་བར་བྱས་པའི་ལྷག
200a4 པའི་བསམ་པའོ།། རྟུལ་ཞུགས་ཐམས་ཅད་ཡོངས་སུ་འགེངས་པས་ན། རྟུལ་ཞུགས་པའི་ལྷག་པའི་བསམ་པའོ།། གྲོགས་བདག་ཡིན་པས་གོ་སྐབས
200a5 མེད་པའི་ལྷག་པའི་བསམ་པའོ།། རྨུ་རྒོད་མ་ཡིན་པས་ན་ཅང་ཤེས་ཀྱི་སའི་ལྷག་པའི་བསམ་པའོ།། འཕགས་པས་ན་དུལ་བའི་སའི་ལྷག་པའི་བསཾ
200a6 བའོ།། སྐྱེ་བོ་མི་སྲུན་པ་དང་། ཉོན་མོངས་པ་དང་མ་འདྲེས་པས་ལྷག་པའི་བསམ་པའོ།། ཡན་ལག་གི་དམ་པ་མགོ་ཡོངས་སུ་གཏོང་བས། སྦྱིན
200a7 པ་དཀའ་བ་ཡོངས་སུ་གཏོང་བའི་ལྷག་པའི་བསམ་པའོ།། སེམས་ཅན་ངན་པའི་ངང་ཚུལ་ཅན་རྣམས་ཀྱི་དཔུང་གཉེན་པས་ན། ཚུལ་ཁྲིམས་དཀའ་བའི
200a8 ལྷག་པའི་བསམ་པའོ།། སེམས་ཅན་མཐུ་ཆུང་བ་རྣམས་ཀྱི་ཉེས་པ་བག་ལ་ཞ་བར་བྱེད་པས་ན། བཟོད་པ་དཀའ་བའི་ལྷག་པའི་བསམ་པའོ།། ཉན་ཐོས།




iiif viewer powered by OpenSeadragon

199b - 200b

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo