e-texts navigator
Collection
Volume
Page
Wylie

199b1 བཞི་པོ་དེ་དག་ནི་སྦྱོར་བ་མི་ཟད་པའོ།། གཞན་ཡང་སྦྱོར་བ་མི་ཟད་པ་བཞི་སྟེ། བཞི་གང་ཞེ་ན། འདུ་བྱེད་མི་རྟག་པར་ཡོངས་སུ་སྟོན་པའི་སྦྱོར་བ་མི་ཟད་པ་དང་།
199b2 འདུ་བྱེད་སྡུག་བསྔལ་བའི་ཡོངས་སུ་སྙན་པའི་སྦྱོར་བ་མི་ཟད་པ་དང་། ཆོས་ཐམས་ཅད་བདག་མེད་པ་ཡོངས་སུ་བསྟན་པའི་སྦྱོར་བ་མི་ཟད་པའོ།། མྱ་ངན
199b3 ལས་འདས་པ་ཞི་བ་ལ་ཉེ་བར་དཔྱད་པ་བསྟན་པའི་སྦྱོར་བ་མི་ཟད་པ་དང་། བཙུན་པ་ཤ་ར་དྭ་ཏིའི་བུ་འདོར་ན་བྱང་ཆུབ་སེམས་དཔའ་སྦྱོར་བ་མི་རྙེད་པ་དེ་དག
199b4 ཐམས་ཅད་ནི། ཐམས་ཅད་མཁྱེན་པ་ལ་གཞོལ་བ། ཐམས་ཅད་མཁྱེན་པ་ལ་འབབ་པ། ཐམས་ཅད་མཁྱེན་པ་ལ་ཡང་མི་ཟད་པས་ན་དེའི་ཕྱིར་བྱང
199b5 ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཐམས་ཅད་ཀྱང་མི་ཟད་པའོ།། བཙུན་པ་ཤ་ར་ད་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་མི་ཟད་པའོ་ཞེས
199b6 བྱའོ།། གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་མི་ཟད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ
199b7 བ་ཐམས་ཅད་ལ་ལྷག་པར་དམིགས་པའི་ཕྱིར། ཐེ་ན་བྱང་ཆུབ་སེམས་དཔའ་གང་ཅུང་ཟད་སེམས་དཔའ་དེ་ཐམས་ཅད་དགེ་བའི་རྩ་བ་ལྷག་པར་དམིགས་པའི
199b8 ཆུར་འགྱུར་ཏེ། ས་ནས་པར་བཞག་པའི་ཕྱིར་འབ་བའི་བསམ་པའོ།། བྲེ་བྲབ་ཏུ་འགྲོ་བའི་ཕྱིར་རྒལ་བའི་ལྷག་པའི་བསམ་པའོ།། ཀེང་ནས་པང་དུ་ཅེན




iiif viewer powered by OpenSeadragon

199a - 200a

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo