e-texts navigator
Collection
Volume
Page
Wylie

197a1 པར་བྱེད་པས་བསམ་པ་མི་ཟད་པར་བལྟའོ།། བསམ་པ་ནི་འཆད་པའི་ཤེས་རབ་སྤོང་བའི་ཕྱིར་བལྟ་སྟེ། སེམས་ཅན་འཆལ་པའི་ཤེས།
197a2 རབ་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པས་བསམ་པ་མི་ཟད་པར་བལྟའོ།། བཙུན་པ་ཤ་ར་དྭ་ཏིའི་བུ་མདོར་ན་སེམས་ཅན་ཐམས་ཅད་ཀྱི་མི་དགེ་བའི་ཆོས་ཐམས་ཅད་སྤབ
197a3 བའི་ཕྱིར་བལྟ་སྟེ། སེམས་ཅན་ཐམས་ཅད་དགེ་བའི་ཆོས་ལ་སྦྱོར་དུ་འཛུད་པས། བསམ་པ་མི་ཟད་པར་བལྟའོ།། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས
197a4 དཔའ་རྣམས་ཀྱི་བསམ་པ་མི་ཟད་པ་ཞེས་བྱའོ།། གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་མི་ཟད་པས་ན། སྦྱོར་བ་མི་ཟད་པ
197a5 ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་བདོག་པ་ཐམས་ཅད་ཡོངས་སུ་བཏོང་བར་སྣང་བ་འདི
197a6 ནི་སྦྱོར་བའོ།། ཚུལ་ཁྲིམས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་ཚུལ་ཁྲིམས་དང་། སླབ་པ་དང་། སྦྱངས་པའི་ཡོན་ཏན་དང་།
197a7 ཡོ་བྱད་བསྙུངས་པ་ཡང་དག་པར་འཛིན་པར་སྣང་བ་འདི་ནི་དེའི་སྦྱོར་བའོ།། བཟོད་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་ཡང་སེམ
197a8 ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་ཡོངས་སུ་སྣང་བ་དེའི་སྦྱོར་བའོ།། བརྩོན་འགྲུས་ཀྱི་བསམ་པ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་མི་ཟད་པ་སྟེ། གང་།




iiif viewer powered by OpenSeadragon

196b - 197b

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo