| e-texts navigator |
| Wylie |
196b1 དུ་གྱུར་པའོ།། འགོན་དུ་གྱུར་པས་ན་སྐྱབས་སུ་གྱུར་པའོ།། ཉོན་མི་མོངས་པས་ན་མགོན་དུ་གྱུར་པའོ།། ཤིན་ཏུ་བཏགས་པས་ན་ཉོན་མི་མོངས་པའོ།། རྒལ་བ
196b2 མེད་པས་ན་ཤིན་ཏུ་རྟགས་པའོ།། བསམ་པ་དགེ་བས་ན་རྒལ་བ་མེད་པའོ།། ཅི་ཡང་མེད་པས་ན་བསམ་པ་དགེ་བའོ།། ཤིན་ཏུ་ཡོངས་སུ་དག་པས་ན་ཅི་ཡང་མེད་པའོ།། །
196b3 ཤིན་ཏུ་དཀའ་བས་ན་ཤིན་ཏུ་ཡོངས་སུ་དག་པའོ།། ནང་གི་དྲི་མ་མེད་པས་ན་ཤིན་ཏུ་དཀར་བའོ།། ཕྱི་རོལ་དག་པས་ནང་དྲི་མ་མེད་པའོ།། རྣམ་པ་ཐམས་ཅད་ཡོངས
196b4 སུ་དག་པས་ན་ཕྱི་རོལ་དག་པ་སྟེ། བཙུན་པ་ཤ་ར་ད་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་བསམ་པ་དེ་ནི་སེར་སྣ་སྤང་བའི་ཕྱིར་བལྟ་སྟེ། སེམས་ཅན་སེར་སྣ་ཅན
196b5 རྣམས་ཡོངས་སུ་སྨིན་པར་བྱེད་པས་པ་མི་ཟད་པར་བལྟ་བའོ།། བསམ་པ་ནི་ངན་པའི་ངང་ཚུལ་གྱི་དྲི་མ་སྤངས་པའི་ཕྱིར་བལྟ་སྟེ། སེམས་ངན་པའི་ཚུལ་ཅན་རྣམས
196b6 ཡོངས་སུ་སྨིན་པར་བྱེད་པས་བསམ་པ་མི་ཟད་པར་བལྟ་བའོ།། བསམ་པ་ནི་གནོད་སེམས་ཀྱི་ཐ་བ་དང་། ཉེས་པ་སྤང་བའི་ཕྱིར་བལྟ་སྟེ། གནོད་པར་སེམས་པའི
196b7 སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད་པས་བསམ་པ་མི་ཟད་པར་བལྟའོ།། བསམ་པ་ནི་ལེ་ལོ་སྤང་བའི་ཕྱིར་བལྟ་སྟེ། སེམས་ཅན་ལེ་ལོ་ཅན་རྣམས་ཡོངས་སུ
196b8 སྨིན་པར་བྱེད་པས། བསམ་པ་མི་ཟད་པར་བལྟའོ།། བསམ་པ་ནི་སེམས་གཡེང་བ་འདོར་བའི་ཕྱིར་ལྟ་སྟེ། སེམས་ཅན་སེམས་གཡེང་བ་རྣམས་ཡོངས་སུ་སྨིན