| e-texts navigator |
| Wylie |
195b1 ཅད་ཀྱི་སེམས་མི་སྤྱོད་པ་རྟོགས་པས་ན་མི་ཟད་པའོ།། སྔོན་གྱི་སྨོན་ལམ་གྱི་རྒྱུན་མི་གཅོད་པས་ན་མི་ཟད་པའོ།། འདུས་མ་བྱས་སུ་སྔོས་པས་ན་མི།
195b2 ཟད་པའོ།། འདུས་མ་བྱས་པ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན་མི་ཟད་པའོ།། ཟད་པའི་ཡེ་ཤེས་པས་མི་སྐྱེ་བའི་ཡེ་ཤེས་མི་ཟད་པས
195b3 ན་མི་ཟད་པའོ།། འབྱུང་བ་མེད་ཅིང་འཇིགས་པ་མེད་པས་ན་མི་ཟད་པའོ།། ཆོས་ཐམས་ཅད་ཐོག་མ་ནས་ཟད་པ་སྟེ། ཡེ་ཤེས་དེ་མངོན་པར་བརྟོགས་པས་ན
195b4 མི་ཟད་པའོ།། འདི་ནི་བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་མི་ཟད་པའོ།། གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ
195b5 རྣམས་ཀྱི་བསམ་པ་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བསམ་པ་དེ་ཡང་མ་བྱས་པས་ན་བཅོས་མ་མ་ཡིན་ནོ།། གཡོ་མེད་པས་ན་བྱས་པ་མ་ཡིན་ནོ།། རབ་ཏུ་རྟོག
195b6 པས་ན་གཡོ་མེད་པའོ།། སྒྱུ་མེད་པས་ན་རབ་ཏུ་རྟོགས་པའོ།། དག་པས་ན་རྒྱུ་མེད་པའོ།། དྲངས་པས་ན་དག་པའོ།། གྱ་གྱུ་མེད་པས་ན་དྲང་བའོ།། གསལ།
195b7 བས་ན་གྱ་རྒྱ་མེད་པའོ།། མི་མཉམ་པས་ན་གསལ་བའོ།། སྲ་བས་ན་མི་མཉམ་པ་མེད་པའོ།། མི་བྱེད་པས་ན་སྲ་བའོ།། མཁྲང་བས་མི་བྱེད་པའོ།། མི་གཡོ
195b8 བས་ན་མཁྲང་བའོ།། མི་གནས་པས་ན་མི་གཡོ་བའོ།། དེ་ལ་མ་ཆགས་པས་ནི་མི་གནས་པའོ།། བྱེ་བྲག་ཏུ་འཕགས་པས་ན་དེ་ལ་མ་ཆགས་པའོ།། མ་སྭད།