| e-texts navigator |
| Wylie |
195a1 @#འཇུག་པ་རྣམས་མི་དད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན། དེའི་ཕྱིར་དེ་མི་ཟད་པའོ།། བཙུན
195a2 པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ
195a3 ཏུ་ཕྱིན་པ་རྣམས་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན། དེའི་ཕྱིར་དེ་དག་མི་ཟད་པའོ།། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤྱེ
195a4 བའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་རྣམས་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་ནི། དེའི་ཕྱིར་དེ་དག
195a5 མི་ཟད་པའོ།། བཙུན་པ་ཤ་ར་ད་ཏིའི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝོ་བརྒྱད་རྣམས
195a6 ནི་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་ངག་གི་རྩ་བར་སྐྱེས་པས་ན། དེའི་ཕྱིར་དེ་དག་མི་ཟད་པའོ།། བཙུན་པ་ཤ་ར་དྭ་ཏིའི་བུ་མདོར་ན་སངས་རྒྱས་ཀྱི
195a7 ཆོས་ཐམས་ཅད་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དག་གི་རྩ་བར་སྐྱེས་པས་ན། དེའི་ཕྱིར་དེ་དག་མི་ཟད་པའོ།། དཀོན་མཆོག་གསུམ་གྱི་རིགས་རྒྱན
195a8 མི་བཅོད་པས་ན་མི་ཟད་པའོ།། སེམས་ཅན་གྱི་ཁམས་མི་ཟད་པས་ན་མི་ཟད་པའོ།། དེའི་ཡེ་ཤེས་ལ་བཏང་བས་མི་ཟད་པའོ།། སེམས་ཅན་ཐམས།