e-texts navigator
Collection
Volume
Page
Wylie

194b1 དེ་ནི་བཏང་སྙོམས་ཆེན་པོ་བསགས་པ་སྟེ། བདེ་བ་དང་སྡུག་བསྔལ་གྱིས་མི་སྐུལ་པར་སྐྱེས་སོ།། སེམས་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས
194b2 པར་སྐྱེས་སོ།། སེམས་དེ་ནི་དཀོན་མཆོག་གསུམ་གྱི་རིགས་མི་བཅོད་པའི་ཚུལ་རྒྱུན་མི་འཆད་པར་སྐྱེས་སོ།། སེམས་དེ་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང
194b3 ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་རབ་ཏུ་གྲགས་པར་སྐྱེས་སོ།། བཙུན་པ་ཤ་ར་དྭ་ཏིའི་བུ་ཐམས་ཅད་མཁྱེན་པའི་སེམས་འདི་འདྲ་བར་བསྐྱེད་པ་ལ།
194b4 ཟད་པ་གང་ཡང་ཡོད་དམ། ཤ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་དེ་ལྟ་མ་ཡིན་ནོ།། གང་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་འདི་ལྟ་བུ
194b5 ཟད་པར་འདོད་པ་ནི་ན་མཁའ་ཟད་པར་འདོད་དོ།། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་སེམས་དེ་ནི་ཟད་པ་སྟེ། བྱང
194b6 ཆུབ་ཀྱི་སེམས་དེ་ནི་དེའི་རྩ་བར་སྐྱེས་པས་ན་དེའི་ཕྱིར་དེ་མི་ཟད་པའོ།། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་།
194b7 ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ནི་མི་ཟད་པ་སྟེ། བྱང་ཆུབ་སེམས་དེ་ནི་དགེ་བའི་རྩ་བར་སྐྱེས་པས་ན་དེའི
194b8 ཕྱིར་དེ་མི་ཟད་པའོ།། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར




iiif viewer powered by OpenSeadragon

194a - 195a

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo