| e-texts navigator |
| Wylie |
193a1 བློ་ཐོསཀྱི་ཞིང་ཚད་མེད་པ་ནས་ཆོས་ཉན་པའི་ཕྱིར་འདུས་སོ།། དེ་ནས་ཚེ་དང་ལྡན་པ་ཤ་ར་ད་ཏིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་མི།
193a2 ཟད་པ་ལ་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱི་མིང་བློ་གྲོས་མི་ཟད་པ་ཤེས་བཏགས། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་ར་ད་ཏིའི་བུ
193a3 བློ་གྲོས་མི་ཟད་པ་ཞེས་བྱ་བ་འདི་ནི་ཆོས་ཐམས་ཅད་ཀྱི་དམིགས་སུ་མེད་པའི་རྒྱུ་མཐུན་པའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མི་ཟད་པའི་ཕྱིར་རོ།། སྨྲས་པ།
193a4 རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མི་ཟད་པ་སྟན་པ་ལ་བསམས་ཏེ། སྤོབས་པར་གྱིས་ཤིག། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ
193a5 ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མ་སེམས་སྐྱེད་པ་ཡང་མི་ཟད་པའོ།། དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཕྱིར་རོ།། སེམས་དེ་ནི་ཉོན་མོངས
193a6 པ་ཐམས་ཅད་མ་འདྲེས་པར་སྐྱེས་སོ།། ཐེག་པ་གཞན་ལ་འདོད་པས་སེམས་དེ་ནི་མ་འདྲེས་པར་སྐྱེས་སོ།། ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་མི་ཕྲོག་པས་ན
193a7 སེམས་དེ་ནི་སྲ་བར་སྐྱེས་སོ།། སེམས་དེ་ནི་བདུད་ཐམས་ཅད་ཀྱིས་མི་ཕྱེད་པར་སྐྱེས་སོ།། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར་སེམས་དེ
193a8 ནི་བརྟན་པར་སྐྱེས་སོ།། འདུས་བྱས་མི་རྟག་པར་ཤིན་ཏུ་རིག་པས་ན་སེམས་དེ་ནི་རྟག་པར་སྨྲས་སོ།། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྡུད་པས