| e-texts navigator |
| Wylie |
192a1 པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་བཅོམ་ལྡན་འདས་འདི་ལྟར་བལྟན་སྡུག་པའི་མེ་ཏོག་གི་ཆར་འདི་དག་ག་ལས་བབ་ཅེས་གུས་སོ།།
192a2 བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་འདི་ནི་བྱང་ཆུབ་སེམས་དཔའི་བློ་གྲོས་མི་ཟད་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་དེ་བཞིན་གཤེགས
192a3 བ་དེ་ལྟ་བ་དང་། དྷག་ལལ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་མི་མཛོད་ཀྱི་འཇིག་རྟེན་གྱི་ཁམས་བཅོམ་ལྡན་འདས
192a4 ཐུབ་པའི་སངས་རྒྱས་ཀྱི་ཞིང་དེར་ཕྱིན་ནས། འཇིག་རྟེན་གྱི་ཁམས་དེར་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་མེ་ཏོག་འདི་དག་གཏོར་ཏེ། བཅོམ
192a5 ལྡན་འདས་དེ་ཡང་འདས་པའི་ལེའུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སྟོན་ཏེ། དེར་ཡང་ཚད་མེད་པའི་སེམས་ཅན་གྱི་ཆོས་མངོན་དུ་རྟོགས་པར་འགྱུར། དེ་དག་གིས་གསོལ
192a6 པ། གང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་བཞུགས་པའི་སངས་རྒྱས་ཀྱི་ཞིང་དེ་གང་ན་འཇིག་རྟེན་གྱི་ཁམས་དེ་འདི་ནས་ཇི་སྲིད་མཆིས། བཅོམ་ལྡན
192a7 འདས་དེས་བཀའ་སྩལ་པ། སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གིའི་ཀླུང་གི་བྱེ་མ་དང་མཉམ་པ་བཅུའི་རྡུལ་ཕྲ་རབ་རྙེད་ཀྱི་འཇིག
192a8 རྟེན་གྱི་ཁམས་འདས་པ་ན། མི་མཇེད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པ