| e-texts navigator |
| Wylie |
191a1 @ཇི་ལྟར་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་མི་འཛུམས་པའི་འཇིག་རྟེན་གྱི་ཁམས་ན་དེ་ལྟ་བུའི
191a2 བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཉུང་ངོ་།། དེ་ནས་ཚེ་དང་ལྡན་པ་ཤ་ར་ད་ཏིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་།
191a3 བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། སྐྱེས་བུ་དམ་པ་དག་གང་ཁྱོད་ཀྱིས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་དེ་དང་།
191a4 བྱང་ཆུབ་སེམས་དཔའ་དེ་དག་དང་། མི་འཛུམས་པའི་འཇིག་རྟེན་གྱི་ཁམས་དེ་མཐོང་བ་དེ་ནི་ཐོབ་པ་རབ་ཏུ་ཐོབ་པོ།། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་ར
191a5 ད་ཏིའི་བུ་ཁྱོད་མི་འཛུམས་པའི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་དེ་དང་། པད་མོ་བཀོད་པ་དག་དང་། བྱང་ཆུབ
191a6 སེམས་དཔའ་དེ་དག་ལྟ་འདོད་དམ། ཤ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་འཁོར་འདི་དག་ཐམས་ཅད་ཀྱི་འང་དགེ་བའི་རྩ་བ་རབ་ཏུ་འཕེལ་བར་འགྱུར་གྱིས་བདག
191a7 གིས་བལྟའོ།། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དེའི་ཚེ་ན་སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག
191a8 སྟེ། རིགས་ཀྱི་བུ་དེ་སྙེམས་པར་ཞུགས་མ་ཐག་ཏུ། དེ་ནས་འཁོར་དེ་དག་ཐམས་ཅད་དང་། གནས་བརྟན་ཤ་ར་དྭ་ཏིའི་བུས་མི་འཛུམས་པའི་འཇིག་རྟེན་གྱི་ཁམས