| e-texts navigator |
| Wylie |
190b1 མི་བྱེད། དྲན་པར་ཡང་མི་བྱེད་དེ། སྒྲའི་དོན་ཐམས་ཅད་རྣམ་པར་གདོན་མི་ཟ་ཡང་རྙེད་པར་འགྱུར་རོ།། ཤ་ར་དྭ་ཏིའི་བུ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ནི་ཇི
190b2 ལྟར་འདི་ན་གཞན་གྱི་སྒྲ་དང་། སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་ལྟར་གཉིས་ཀྱི་རྒྱུ་དང་། རྐྱེན་ཡང་དག་པར་ལྟ་བ་མི་སྟོན་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས
190b3 དཔའ་དེ་དག་གིས་དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་དོན་རྣམ་པར་གདོན་མི་ཟ་བ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ།། མི་སྐྱེ་བའི་ཆོས་ལ
190b4 བཟོད་པའི་ལུང་བསྟན་པ་ཡང་རབ་ཏུ་ཐོབ་པོ།། དེ་ཅིའི་ཕྱིར་ཞེ་ན། གང་གཟུགས་ཀྱི་མཚན་ཉིད་ལ་ཆགས་པ་སྤངས་པ་འདི་ནི་ཕ་རོལ་ཏུ་ཕྱིན་པའོ།། གང་གཟུགས་ཀྱི་མཚན
190b5 ཉིད་མི་ཟད་པའི་ཆོས་ཉིད་འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་གཟུགས་ཀྱི་མཚན་ཉིད་དབེན་པར་མཐོང་བ་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང
190b6 གཟུགས་ཀྱི་མཚན་ཉིད་སེམས་ལ་མི་གཞོལ་བ་འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། གང་གཟུགས་ཀྱི་མཚན་ཉིད་ལ་སྤྲོས་པའི་རྒྱུ་བ་མེད་པ་འདི་ནི་ཤེས་རབ་ཀྱི་ཕ
190b7 རོལ་ཏུ་ཕྱིན་པའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
190b8 སངས་རྒྱས་མཐོང་མ་ཐག་ཏུ། དོན་རྣམ་པར་གདོན་མི་ཟ་བ་ལས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པའི་ལུང་བསྟན་པ་ཐོབ་བོ།།